དྲི་བ། གཟུགས་ཁམས་རྩུབ་སྤད་ཟེར་མི་འདི་ ག་ཅི་ས?

གཟུགས་ཁམས་རྩུབ་སྤད་ཟེར་མི་འདི་ གཟུགས་ཀྱི་ སབས་ཤུགས་ལག་ལེན་འཐབ་སྟེ་ ཨ་ལོའི་གཟུགས་ ཁར་རྨ་བཏོན་པ་ ཡང་ན་ དཀའ་སྡུག་མང་བཅུག་ནི་ ལུ་གཟུགས་ཁམས་རྩུབ་སྤད་ཟེར་ སབ་ཨིན། དཔེར་ན་་་་་་བརྡུང་ནི་/དྲང་ནི་ གསིག་ནི།

evac 16.png


དྲི་བ། གཟུགས་ཁམས་རྩུབ་སྤད་འདི་ག་དེ་སྦེ་ ངོས་འཛིན་འབད་ནི?

གཟུགས་ཁམས་རྩུབ་སྤད་ཀྱི་རགས་མཚན།

  • སབ་གྲྭ་ནང་ལུ་དཀའ་ངལ་ཡོད་པ།
  • སོ་བཏབ་བཏབ་པའི་ཤུལ། ཤུགས་སྦེ་བཤེད་ བའི་ཤུལ།
evac 17.png
  • གཞན་གྱིས་བང་བཙོང་བ་དང་ ཨ་ལོ་གཞན་ལུ་བང་བཙོང་བ།
  • དབང་ཆུང་བ་ ཡང་ན་ དྲག་རྒོལ།
  • ཕམ་དང་གཅེས་སྐྱོང་པའི་ཁ་ཐུག་ལས་གནོད་པ་བྱུང་ཡོད་པའི་སྙན་ ཞུ་འཕལ་འཕལ་ར་ལྷོད་པ།
  • གཟུགས་སྤྱིག་རྨ་ ཡང་ན་ ཅ་ཆས་ཀྱི་དབྱིབས་ཡོད་པའི་རྨ་བཏོན་ ཡོད་པ།
evac 18.png
  • སེམས་ཅན་ལུ་གནོདཔ་བཀལ་བ་དང་རྨ་བཏོན་པ།
  • མི་སྡེ་དང་མ་མཐུན་པའི་བྱ་སྤད་འབད་བ།
  • ཨ་ལོ་དང་ ན་ལོན་ དེ་ལས་ ཨ་ལོ་རྒས་ཤོས་ཚུ་ལུ་ འདོད་སྤད་ཀྱི་ བརྡ་མཚོན་པའི་བྱ་སྤད འབད་བ།
  • གཟུགས་ཁར་བཏོག་བཏོག་པའི་ཤུལ་།
  • ཨ་རག་དང་མ་འདྲ་བའི་རྨ་བཏོན་ཡོད་པ།
  • གཟུགས་ཁར་རྒྱུ་མཚན་མ་བཤད་པའི་སྤྱིག་རྨ་ཡོད་པ།
evac 18.png


དྲི་བ། ང་བཅས་ཀྱིས་གཟུགས་ཁམས་རྩུབ་སྤད་སྔོན་འགོག་ འབད་ནི་དང་ གདོང་ལེན་འབད་ནི་ལུ་ག་ཅི་འབད་དགོ་ག?

ངོ་རྐྱང་གི་གནས་ཚད་ནང།

  • རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ ཨམ་སྲུའི་ཆ་བཞག་དང་ལྕོགས་ གྲུབ་ཡར་བསྐྱེད་ལས་སྡེ་ དེ་ལས་ ན་གཞོན་ལམ་སན་ལ་སོགས་པའི་ འབྲེལ་ ཡོད་ལས་སྡེ་ཚུ་དང་གཅིག་ཁར་འབྲེལ་བ་བཞག་དགོ།
  • ཨ་ལོའི་དོན་ལུ་ཡོད་པའི་ད་ལྟོའི་ འབྲེལ་ཡོད་སྲིད་བྱུས་དང་ ཐོབ་དབང་ཚུ་གི་ སྐོར་ལས་ཤེས་དགོ།
  • གྲོགས་རམ་གྱི་དོན་ལུ་ ཨམ་དང་ཨ་ལོའི་གྲོགས་རམ་རྒྱུན་ལམ་༡༠༩༨ དང་ འབྲུག་གི་འགག་སྡེའི་འབྲེལ་ཨང་༡༡༣ ན་གཞོན་ལམ་སན་གྱི་འབྲེལ་ཨང་༡༢༥༧ དེ་ལས་ འགྲུལ་འཕྲིན་ཨང་༡༧༡༢༦༣༥༣ གྱི་ཐོག་ལས་ རྒྱལ་ཡོངས་ཨམ་སྲུང་ དང་ཨ་ལོའི་ལྷན་ཚོགས་ནང་འབྲེལ་བ་འཐབ་དགོ།

ཕམ་དང་གཅེས་སྐྱོང་པ་ཚུ་གིས་་་་་་་་་

  • ཨ་ལོའི་སྤད་ངན་འབད་བའི་སྐབས་ལུ་ཞི་བའི་ཐོག་ལས་ཐབས་ལམ་སན་དགོ།
  • ཨ་ལོ་ཚུ་ལུ་དུས་ཚོད་བྱིན་དགོ། • ཨ་ལོ་ཚུ་ལུ་ཁོང་རའི་ཐོབ་དབང་གི་སྐོར་ལས་སན་བྱིན་དགོ།
  • ནམ་ད་འབད་རུང་ཨ་ལོ་ཚུ་བདག་མེད་སྦེ་བཞག་ནི་མི་འོང།
  • ད་ལྟོ་ཡོད་པའི་ཨ་ལོའི་ཐོབ་དབང་སྲིད་བྱུས་ཚུ་ཧ་གོ་དགོ།
  • སབ་གྲྭ་དང་ ཁྱིམ་ནང་ ཉེན་སྲུང་དང་ལྡན་པའི་གནས་སངས་བཟོ་དགོ།
  • ཨ་ལོ་སྒྲིགས་བཙུགས་པའི་སྐབས་གཟུགས་ཁམས་རྩུབ་སྤད་ཀྱི་ཐོག་ལས་བཙུགས་ནི་མི་འོང།
evac 20.png

མི་སྡེའི་གནས་ཚད་ནང།

ཞབས་ཏོག་མཁོ་སྤད་འབད་མི་ཨིནམ་ལས།

  • ཨ་ལོ་དང་གཞོན་སྐྱེས་ཚུ་ལུ་ཉེན་སྲུང་དང་ལྡན་པའི་ས་ཁོངས་མཁོ་སྤད་འབད་དགོ།
  • སྤ་གསེང་ས་ཁོངས་ དཔེར་ན་ གླིང་ག་དང་ རྩེད་ཐང་ དེ་ལས་ ན་གཞོན་ལྟེ་བ་ཚུ་ ཉེན་སྲུང་དང་ལྡནམ་ངེས་བརན་བཟོ་དགོ།
  • ཨ་ལོ་ཚུ་དང་ལྷག་པར་དུ་ཉེན་ཁ་འབྱུང་མི་ཚུ་ལུ་ དུས་རྒྱུན་དགོས་མཁོའི་རྒྱབ་སྐྱོར་ཚུ་མཁོ་སྤད་འབད་དགོ།
  • ཨ་ལོ་དང་ གཅེས་སྐྱོང་པ་ དེ་ལས་ མི་མང་ལུ་ ད་ལྟོ་ཡོད་པའི་ རྒྱབ་སྐྱོར་གྱི་ཞབས་ཏོག་དང་ གྲོགས་རམ་རྒྱུན་ལམ་ཚུ་གི་ སྐོར་ལས་ གོ་བརྡ་སྤད་དགོ།

མི་སྡེ་ནང་དབང་ཚད་ཅན་གྱི་འཐུས་མི་ཅིག་ཨིནམ་ལས།

  • ག་ར་གིས་དཔྱེ་བལྟ་སའི་ཡུལ་ཅིག་སྦེ་སད་དེ་ རྩུབ་སྤད་དང་འབྲེལ་གནད་དོན་ཚུ་སྙན་ཞུ་འབད་དགོ།
  • ལོག་སྤད་དང་འབྲེལ་བའི་གནད་དོན་ཚུ་ སྙན་ཞུ་འབད་དགོཔ་དང་ རྩུབ་སྤད་རྩ་མེད་གཏང་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་ བ་བརྡ་སྤད་འབད་དེ་ མི་ཚུ་ལུ་སེམས་ཤུགས་བསྐྱེད་བཅུག་དགོ།
  • ཨ་ལོ་དང་ གཅེས་སྐྱོང་པ་ དེ་ལས་ མི་མང་ལུ་ ད་ལྟོ་ཡོད་པའི་ རྒྱབ་སྐྱོར་གྱི་ཞབས་ཏོག་དང་ གྲོགས་རམ་རྒྱུན་ལམ་ཚུ་གི་ སྐོར་ལས་ གོ་བརྡ་སྤད་དགོ།
  • ཆོས་ལུགས་/ལམ་སལ་གྱི་རྒྱབ་ཁུངས་ ཕོ་མོའི་དབྱེ་བ་ དེ་ལས་ མི་རིགས་ལ་སོགས་པའི་ཁྱད་པར་ཡོད་རུང་ མི་སྡེའི་འཐུས་ མི་ཚུ་ཕན་ཚུན་གུས་ཞབས་ཀྱི་ཐོག་མཐུན་ཏོག་ཏོ་སྦེ་སད་ཚུགས་ནི་ལུ་གྲོགས་རམ་འབད་དགོ།
evac 19.png

སྤྱི་སྡེའི་གནས་ཚད་ནང།

ཁྲིམས་ལུགས་ སྲིད་བྱུས་ དེ་ལས་ སྤྱི་སྡེ་དང་ལམ་སལ་གྱི་གོམས་གཤིས།

  • ཨ་ལོ་དང་གཅེས་སྐྱོང་པ་ཚུ་ སྲིད་བྱུས་གོང་འཕེལ་དང་ གྲོས་ཐག་གཅད་ནིའི་གནས་ཚད་ནང་བཅའ་མར་གཏོགས་ནི་ལུ་སེམས་ ཤུགས་བསྐྱེད་བཅུག་དགོ།
  • ཨ་ལོའི་བདེ་སྐྱིད་དེ་གྲོས་ཆོད་ནང་གཙོ་རིམ་ཅན་ཅི་སྦེ་བཙུགས་དགོ།
  • འབྲེལ་ཡོད་དང་ དོན་དང་ལྡན་པའི་ཁྲིམས་ལུགས་དང་ སྲིད་བྱུས་ དེ་ལས་ ལས་རིམ་ཚུ་གཞི་བཙུགས་འབད་དགོ།

If you cannot view the above video, you can instead download it.

Previous Next