evac 29.png

ཨ་ལོ་ཉེན་སྐྱོབ་ཀྱི་ཁྲིམས་ལུགས།

༡) འབྲུག་གི་རྩ་ཁྲིམས་ཆེན་མོ་༢༠༠༨།

མི་ངོ་ཆ་མཉམ་ལུ་ ཚེ་སག་དང་འདོད་དབང་ རང་སོའི་བདེ་སྲུང་ ཁ་སབ་དང་བསམ་འཆར་གསལ་སན་ འགྲོ་འགྲུལ་དང་སད་ གནས་ མནོ་བསམ་དང་བསམ་དཔྱད་ ཆོས་ལུགས་ དེ་ལས་ ཞི་བའི་འཛོམས་འདུའི་དལ་དབང་ཡོད། ཁྲིམས་ཀྱི་འོག་ལུ་ ཨ་ལོ་ག་ར་འདྲ་མཉམ་ཨིནམ་དང་ དེ་ཚུ་ལུ་ གནད་དུ་སྨིན་པའི་ཁྲིམས་ཀྱི་ཉེན་སྐྱོབ་དང་འདྲ་མཉམ་གྱི་ཐོབ་རིམ་ཡོདཔ་ལས་ རིགས་རུས་ ཡང་ན་ ཕོ་མོ་ སྐད་ཡིག་ ཆོས་ལུགས་ སྲིད་དོན་ ཡང་ན་ གནས་འབབ་གཞན་ལུ་བརྟེན་ ཕགས་རིས་ཕྱེ་ ནི་མེད།

རྒྱལ་ཁམས་ཀྱིས་ སབ་གྲྭར་འཛུལ་རན་པའི་ལོ་ཚད་ལོན་མི་ ཨ་ལོ་ཆ་མཉམ་ལུ་ སབ་རིམ་བཅུ་པ་ཚུན་ཤེས་ཡོན་སང་པར་ བྱིན་ནི་དང་ བཟོ་རིག་དང་ཁྱད་རིག་གི་ཤེས་ཡོན་འདི་ སྤྱིར་བཏང་གིས་ཡོདཔ་ངེས་གཏན་བཟོ་ནི་དང་ མཐོ་རིམ་ཤེས་ཡོན་དེ་ གཟེངས་ཐོན་ལུ་གཞི་བཞག་སྟེ་ཆ་མཉམ་ལུ་འདྲ་མཉམ་ཐོབ་ཚུགསཔ་བཟོ་དགོ། རྒྱལ་ཁམས་ཀྱིས་ གཞོན་སྐྱེས་ཚུ་ ཕགས་རིས་དང་ ཉེས་བཀོལ་ལས་ ཉེན་སྲུང་དང་ལྡནམ་སྦེ་གཞག་ནིའི་ཐབས་ལམ་གྱི་ དོན་ལུ་ འོས་ལྡན་གྱི་ཐབས་ལམ་ཚུ་སན་དགོ།

༢) འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཐོབ་དབང་ལྷན་འཛོམས་(UNCRC) ༡༩༨༩།

ཨ་ལོ་ག་ར་ལུ་ཐོབ་དབང་ཡོད། ཐོབ་དབང་དེ་ ཨ་ལོ་གི་འབད་ཚུགས་མི་དང་ཐོབ་དགོ་པའི་གནད་དོན་ཚུ་ལུ་གོཝ་ཨིན། ཐོབ་ དབང་ཚུ་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཐོབ་དབང་ཞལ་འཛོམས་ཟེར་མིའི་ནང་གསལ་བཀོད་འབད་དེ་ཡོདཔ་ཨིན། རྒྱལ་ ཁབ་མང་ཤོས་ཅིག་གིས་ཐོབ་དབང་དེ་ཚུ་ལུ་ཁ་འཆམ་ཡོདཔ་ཨིན། ཐོབ་དབང་ཚུ་གཅིག་གི་ཅིག་ལུ་འབྲེལ་བ་ཡོདཔ་མ་ཚད་ འདྲན་འདྲ་ར་གལ་ཆེ། ཨ་ལོ་ཚུ་སམ་ལངས་པའི་བསྒང་ལས་ ཁོ་ ཡང་ན་ མོ་ལུ་ གདམ་ཁ་རྐྱབ་སྟེ་ ཐོབ་དབང་སྤད་ནིའི་ འགན་ཁུར་མངམ་ཡོད།

ཨ་ལོ་ཚུ་ལུ་་་་་་་

  • རྩུབ་སྤད་དང་ ལོག་སྤད་ དེ་ལས་ བདག་མེད་བཞག་ནི་ལས་ སྲུབ་སྐྱོབ་ཀྱི་ཐོབ་དབང་ཡོད།
  • རང་གི་ལྕོགས་གྲུབ་སན་ཚུགསཔ་བཟོ་ནིའི་ཤེས་ཡོན་གྱི་ཐོབ་དབང་ཡོད།
  • ཕམ་གྱི་མཐའ་སྐྱོང་དང་འབྲེལ་མཐུན་གྱི་ཐོབ་དབང་ཡོད།
  • རང་གི་བསམ་འཆར་བཤད་ནི་གཞན་ལུ་ཉན་ནིའི་ཐོབ་དབང་ཡོད།

འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཐོབ་དབང་ལྷན་འཛོམས་འདི་ མི་རིགས་དང་ ཆོས་ལུགས་ དེ་ལས་ ལྕོགས་གྲུབ་ཀྱི་གནད་དོན་ ཚུ་ལུ་མ་བརྩི་བར་ ཁྲིམས་མཐུན་ཐོག་ཨ་ལོ་ཚུའི་ཐོབ་དབང་བཟོ་མི་ཅིག་ཨིན།

འབྲུག་གཞུང་གིས་སྤྱི་ལོ་༡༩༩༠ ལུ་འཆང་ཡིག་གུ་མཚན་རགས་བཀོད་ཡོདཔ་ད་ དེའི་ཤུལ་ལས་ ཨ་ལོ་ཉོ་བཙོང་དང་ ཨ་ལོའི་སད་ཚོང་ དེ་ལས་ ཨ་ལོའི་འདོད་སྤད་ དེ་ལས་ ཨ་ལོའི་དམག་སྡེ་འཛིང་འཁྲུག་ཚུ་དང་འབྲེལ་བའི་སྒྲིག་གཞི་ དང་འབྲེལ་བའི་ལག་ལེན་ལམ་ལུགས་ཚུ་ སྤྱི་ལོ་༢༠༠༩ དང་༢༠༡༠ ལུ་དག་བཅོས་འབད་ཡི།

༣) འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མ།

ཁྲིམས་ལུགས་ཀྱི་ཁ་ཐུག་ལས་ཨ་ལོ་ཚུ་དབྱེ་བ་ཁག་གཉིས་སྦེ་ཕྱེ་སྟེ་ཡོདཔ་ཨིན།

  • དཀའ་ངལ་གྱི་གནས་སངས་ཐོག་ལུ་ཡོད་པའི་ཨ་ལོ། གཞིས་བཅགས་ཀྱི་གནས་ཁང་ ཁྱིམ་གང་རུང་མེད་པ་/ཨ་ལོ་ གཅེས་སྐྱོང་འཐབ་ནི་ ཡང་ན་ དམ་འཛིན་འབད་ནི་ལུ་འོས་འབབ་མེད་པའི་ཕམ་ཡོད་མི། ཁྲིམས་འགལ་གྱི་ལཱ་གཡོག་གི་ དོན་ལུ་ཉེས་བཀོལ་ ཡང་ན་ ལོག་པར་སྤད་པ་འབྱུང་སྲིད་པའི་རིགས།
  • ཁྲིམས་དང་རྒྱབ་འགལ་བྱུང་བའི་ཨ་ལོ། སྐྱེས་ལོ་༡༢ ཡན་ཆད་ཀྱི་ཨ་ལོ་ཅིག་གི་གནོད་འགེལ་ཅིག་འབད་དེ་ལུ་གོཝ་ཨིན།

འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མའི་ནང་་་་

  • ཨ་ལོ་ཉེན་སྐྱོབ་ཀྱི་ལམ་སན་གཞི་རྩ།
  • ཨ་ལོའི་ཉེས་སྤད་སྔོན་འགོག། བཅའ་ཁྲིམས་འདི་གིས་ གཞུང་ལྟེ་བ་དང་ ས་གནས་གཞུང་ ཤེས་རིག་སྤེལ་ཁང་ སྣ་ མང་བརྡ་བརྒྱུད་ དེ་ལས་ མི་སྡེ་དང་བཟའ་ཚང་ཚུ་གིས་ ཨ་ལོ་ཉེན་སྐྱོབ་ཀྱི་འགན་ཁུར་ག་དེ་སྦེ་འབག་དགོཔ་ཨིན་ནའི་ སྐོར་ལས་ གསལ་སན་འབདཝ་ཨིན། •
  • དཀའ་ངལ་གྱི་གནས་སངས་ཐོག་ལུ་ཡོད་པའི་ཨ་ལོའི་འགྲེལ་བཤད།
  • ཁྲིམས་དང་རྒྱབ་འགལ་བྱུང་བའི་ཨ་ལོའི་འགྲེལ་བཤད།

འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་ཀྱི་བཅའ་ཡིག་དང་སྒྲིག་གཞི་༢༠༡༥ ཅན་མའི་ནང་་་་་་་

  • ཨ་ལོའི་ཉེན་སྐྱོབ་ཀྱི་ལམ་སན་གཞི་རྩ།
  • ཨ་ལོའི་ཉེན་སྐྱོབ་དང་འབྲེལ་བའི་གནད་དོན་ནང་ གཞུང་གི་དབང་འཛིན་ག་ར་དང་སྤེལ་ཁང་ཚུ་གིས་འགན་ཁུར་དང་ལཱ་ འགན།
  • ཨ་ལོའི་ཉེན་སྐྱོབ་དང་འབྲེལ་བའི་གནད་དོན་ནང་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་འགན་ཁུར་དང་ལཱ་འགན།
  • དཀའ་ངལ་གྱི་གནས་སངས་ཐོག་ལུ་ཨ་ལོ་དང་འབྲེལ་བའི་བྱ་སྒོའི་ལམ་ལུགས་ཀྱི་གནད་དོན།
  • ཁྲིམས་དང་རྒྱབ་འགལ་བྱུང་བའི་ཨ་ལོ་དང་འབྲེལ་བའི་བྱ་སྒོའི་ལམ་ལུགས་ཀྱི་གནད་དོན།
  • འགན་ཁུར་བསྣམས་མི། ཁྲིམས་སྲུང་འགག་སྡེ། ཨམ་སྲུང་དང་ཨ་ལོའི་གྲོགས་རམ་འབྲེལ་སྟེགས་སྡེ་ཕན། ཨ་ལོའི་བདེ་ སྐྱིད་ཡིག་ཚང། ཨམ་སྲུ་དང་ཨ་ལོའི་བདེ་སྐྱིད་ཚོགས་ཆུང། རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས།

༤) འབྲུག་གི་ལས་མི་དང་ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མ།

ཁྲིམས་ལུགས་ཀྱིས་ལཱ་གཡོག་གི་དོན་ལུ་ ཉུང་མཐའི་ལོ་ཚད་གསལ་སན་འབདཝ་ཨིན།

  • ལཱ་གཡོག་གི་དོན་ལུ་ལོ་ཚད་དམའ་ཤོས་ སྐྱེས་ལོ་༡༨ ཨིན། ཨིན་རུང་་་་་
  • སྐྱེས་ལོ་༡༣ ལས་ བཅའ་ཁྲིམས་འདིའི་ བཅའ་ཡིག་དང་སྒྲིག་གཞི་ནང་ བཀོད་དེ་ཡོད་མི་དང་འཁྲིལ་ཏེ་ལཱ་འབད་ ཆོག། ག་གིས་ཡང་ ཨ་ལོ་ཚུ་ནག་ཚོང་དང་ དབང་བཙོང་ལས་གཡོག་ སད་ཚོང་ འདོད་པའི་གློག་བརྙན་ལ་སོགས་ པའི་ ཨ་ལོའི་ གཟུགས་ཁམས་དང་ ཉེན་སྲུང་ལུ་གནོད་པའི་ལཱ་ཚུ་ (ཉེན་ཁ་ཅན་གྱི་མཐོ་ཚད། ས་ཁོངས་དོག་ཁག་ ཁ། ཉེན་ཁ་ཆེ་བའི་འཕྲུལ་ཆས། གནོད་ཉེན་ཅན་གྱི་རྒྱུ་རྫས་ལ་སོགས་པ་) འབད་བཅུག་ནི་མི་འོང།
  • འགན་ཁུར་བསྣམས་མི། ལས་གཡོག་ལྟ་རག་པ། ལས་གཡོག་བདག་སྐྱོང་པ། ལཱ་གཡོག་བདག་སྐྱོང་གཙོ་འཛིན་པ།

༥) འབྲུག་གི་ནང་འཁོད་རྩུབ་སྤད་བཀག་སམ་འཅའ་ཁྲིམས་༢༠༡༡ ཅན་མ།

  • ཨ་ལོ་འདི་བཟའ་ཚང་གི་འཐུས་མི་ཅིག་ཨིནམ་ལས་ ནང་འཁོད་རྩུབ་སྤད་ཀྱིས་གནོདཔ་ཨིན། གནོད་པ་འདི་ངོས་ འཛིན་འབད་ཡོདཔ་བཞིན་ ནང་འཁོད་རྩུབ་སྤད་བཀག་སམ་བཅའ་ཁྲིམས་ནང་ ཨ་ལོའི་ཉེན་སྲུང་གི་སྐོར་དོན་ཚན་ཚུ་ ཡོདཔ་ཨིན། ཉེན་སྲུང་གི་ཐབས་ལམ་ནང་་་་་་་་་ཉེས་འཛུགས་ཅན་གྱིས་ དངུལ་འབྲེལ་ལ་སོགས་པའི་རྒུད་གསོའི་མ་ དངུལ་སྤད་དགོཔ་དང་ གནས་སྐབས་ཅིག་གི་དོན་ལུ་ཨ་ལོ་ཚུ་བདག་འཛིན་འཐབ་དགོཔ་སྦེ་ཡོདཔ་ཨིན།
  • འགན་ཁུར་བསྣམས་མི། རྒྱལ་གཞུང་ཁྲིམས་སྲུང་འགག་སྡེ། ཉེན་སྐྱོབ་འགོ་དཔོན་(ཨ་ལོའི་ཕན་བདེའི་འགོ་དཔོན)། མི་སྡེའི་ཕན་བདེའི་འགོ་དཔོན།

༦) འབྲུག་གི་གཉེན་སྦར་བཅའ་ཁྲིམས་༡༩༨༠ དང་ (འབྲུག་གི་འཕྲི་སྣོན་གཉེན་སྦར་བཅའ་ཁྲིམས་ ༡༩༩༦ ཅན་མ)།

  • ཨམ་སྲུའི་གཉེན་སྦར་ལོ་ཚད་ཉུང་མཐའ་དེ་༡༦ དང་ཕོ་སྐྱེས་ཀྱི་ལོ་ཚད་དེ་༡༨ ཨིན། གོང་གསལ་ལོ་ཚད་ལས་དམའ་ བའི་ཨ་ལོ་གཉེན་སྦར་འབད་བ་དང་ ཡང་ན་ གཉེན་སྦར་བསྒྲིགས་བྱིན་མི་ལུ་ ཉེས་ཁྲིམས་ཕོག།
  • བདག་དབང། ༡) སྐྱེས་ལོ་༩ དང་ཡན་ཆད་ལངས་མི་ཨ་ལོ་ ཕམ་ཡ་བྲལ་འགྱོ་བ་ཅིན་ ཨ་ལོ་འདི་ལུ་ ཨ་པ་དང་ གཅིག་ཁར་སད་ནི་ཨིན་ན་དང་ ཨའི་དང་གཅིག་ཁར་སད་ནི་ཨིན་ན་ གདམ་ཁ་རྐྱབ་ནིའི་ཐོབ་དབང་ཡོད། ༢) ཨ་ལོ་ འདི་སྐྱེས་ལོ་༩ མན་ཆད་ཨིན་པ་ཅིན་ཨའི་བདག་དབང་གི་ཐོབ་དབང་ཡོད།
  • བདག་འཛིན། ༡) ཕམ་གཉིས་ཀྱི་བར་ན་ཕན་ཚུན་མཐུན་འབྲེལ་ཐོག་གི་གན་ཡིག་མེད་པར་ ཉེས་འཛུགས་ཁྲིམས་ སར་བཀལ་བ་དང་ ཨའི་ལོག་གཉེན་མ་རྐྱབ་པ་ཅིན་ ཨ་པ་འདི་གིས་ཨ་ལོ་ལུ་ལོ་གཅིག་ཏི་རུ་ཚར་གཅིག་སྤད་དགོ། ༢) ཨ་ལོ་ཚུ་གིས་ཨ་པ་དང་གཅིག་ཁར་སད་ནིའི་གདམ་ཁ་རྐྱབ་པ་ཅིན་ཨའི་གི་ཁ་ཐུག་ལས་འཐུས་སྤད་མི་དགོ། ༣) ཨ་ལོ་སྐྱེས་ལོ་༩ མ་ལངམ་ལས་ཨའི་ཤི་སོང་པ་ཅིན་ཨ་ལོའི་བདག་དབང་འདི་ཨ་པ་གིས་ལེན་དགོ། གལ་སྲིད་ཨ་པ་ གིས་ཨ་ལའི་བདག་དབང་ལེན་མ་བཏུབ་པ་ཅིན་ཨ་ལུ་བདག་འཛིན་འབད་མི་ལུ་ཟླ་རིམ་འཐུས་སྤད་དགོ།

Download the Ending VAC Handbook here.

evac 30.png
Previous