རྩུབ་སྤོད་ལུ་བརྟེན་པའི་ དཀའ་སྡུག་དེ་ མི་ རབས་ལས་མི་རབས་བརྒྱུད་དེ་འབྱུང་སྲིདཔ་ ད་ དེ་ཡང་ རྩུབ་སྤོད་ཀྱི་དཀའ་ངལ་འབྱུང་མི་ ཨ་ལོ་དེ་ སོམ་འགྱོ་བའི་སྐབས་ལུ་ གནོད་ པ་ཕོག་མི་དང་ ཉེས་པ་འབད་མི་གང་རུང་ ཐོག་ རྩུབ་སྤོད་ཅན་གྱི་གནས་སངས་ནང་ སོད་ནིའི་ཉེན་ཁ་ཡོད།

དེ་བཟུམ་སྦེ་ རྩུབ་སྤད་འབྱུང་མི་ཨ་ལོ་དེ་གིས་ གཟུགས་ཁམས་དང་སེམས་ ཁམས་གཉིས་ཆ་རའི་ཐོག་ལས་ ཁོང་རའི་འདྲ་མཉམ་དང་སྤུན་ཆ་ཚུ་ལུ་ རྩུབ་ སྤད་འབད་ནིའི་ཉེན་ཁ་ཡང་ཡོད། ཨ་ལོ་ཚུ་མ་འོངས་པའི་ནང་ གནོད་པ་ཕོག་མི་དང་ ཉེས་པ་འབད་མི་ཅིག་ འབད་ ལུས་ནི་ཨིན་ན་དང་མེན་ན་འདི་ ད་ལྟོ་ནང་འཁོད་རྩུབ་སྤད་ཡོད་པའི་ བཟའ་ཚང་ནང་ མཐའ་སྐྱོང་འབདཝ་ཨིན་ན་དང་མེན་ན་ལུ་རག་ལསཔ་ཨིན། སྤྱི་ལོ་༢༠༡༧ ལུ་ ཨམ་སྲུང་དང་བུམོ་ཚུའི་རྩུབ་སྤད་ཐོག་ཞིབ་འཇུག་ཅིག་ བའི་སྐབས་ལུ་ ཨ་ལོ་འབད་སད་པའི་སྐབས་ལུ་ རྩུབ་སྤད་ཀྱི་མཐོང་རྒྱ་མང་ མི་དང་ ཤུལ་ལས་ན་ལོན་ལངས་པའི་སྐབས་རྩུབ་སྤད་བྱུང་མི་གཉིས་ཀྱི་བར་ ན་འབྲེལ་བ་ཡོདཔ་སྦེ་མངོན་གསལ་བྱུང་ནུག། གཉེན་སྦར་བསམས་ཡོད་མི་ ཨམ་སྲུ་དང་བུམོ་གཟུགས་ཁམས་/འདོད་སྤད་ རྩུབ་སྤད་འབྱུང་མི་ བརྒྱ་ཆ་༢༠.༤ གིས་ ཁོང་གི་ཨའི་ལུ་གཟུགས་ཁམས་ རྩུབ་སྤད་བྱུང་ཡོདཔ་སྦེ་སྙན་ཞུ་འབད་ནུག། དེ་བཟུམ་སྦེ་ བརྒྱ་ཆ་༥.༦ གིས་ ཁོང་གི་རྨགཔ་/བཟའ་ཟླ་གི་ཨའི་ལུ་ རྩུབ་སྤད་བྱུང་ཡོདཔ་སྦེ་བཀོད་ནུག།

ཨམ་སྲུ་དང་ བུམོ་བརྒྱ་ཆ་༤༥ གིས་ ཨ་ལོ་སྦེ་སད་པའི་བསྒང་རྩུབ་སྤད་བྱུང་ཡོདཔ་སྦེ་བཀོད་ནུག། ཨ་ལོ་ལུ་རྩུབ་སྤད་འབད་ནི་ འདི་གིས་ ཨ་ལོ་དང་ བཟའ་ཚང་ དེ་ལས་ མི་སྡེ་ལུ་གནོད་པ་ཡོདཔ་ཨིན། རྩུབ་སྤད་དེ་གིས་ ཨ་ལོ་ཚུའི་དོན་ལུ་གཏང་ཡོད་ པའི་རྒྱུ་སྦུང་ཚུ་རྩ་བརན་མེདཔ་བཟོཝ་ཨིན། རྩུབ་སྤད་ཀྱི་དཀའ་ངལ་ཚུ་མ་བསལ་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ ཀྱི་དགོངས་དོན་དང་ ཡུན་བརན་གོང་འཕེལ་གྱི་དམིགས་དོན་ཚུ་གྲུབ་ཐབས་ལུ་ ཤེས་རིག་དང་གསོ་བ་ དེ་ལས་ དཔལ་འབྱོར་ གོང་འཕེལ་དང་འབྲེལ་བའི་ལས་སྣ་ཚུ་ནང་ རྒྱལ་ཡོངས་ཀྱི་འབད་བརྩོན་བསྐྱེད་མི་ཚུགས། ཨ་ལོ་ལུ་རྩུབ་སྤད་འབད་བའི་གནོད་པ་ལུ་བརྟེན་པའི་དཔལ་འབྱོར་གྱི་གྱོང་གུད་དེ་ རྩུབ་སྤད་སྔོན་འགོག་གི་དོན་ལུ་མཁོ་བའི་མ་རྩ་ ལས་ལྷག་དོ་ཡོདཔ་ཨིནམ་ད་ དེ་ཡང་ སྔོན་འགོག་གི་འགྲོ་སོང་ལས་གདོང་ལེན་འབད་ནིའི་འགྲོ་སོང་དེ་མངམ་སྦེ་འཐོན་ཡོདཔ་ཨིན།
