རྒྱབ་རྟེན།
"རིག་ཤེས་ཀྱི་སྒོ་ལས་ཨ་ལོ་མཐའ་སྐྱོང་གི་དོན་ ལུ་མ་དངུལ་མ་གཏང་པར་རྒྱལ་ཁབ་ཀྱིས་ དགའ་སྐྱིད་དང་ལྡན་མི་ མ་འོངས་མནོ་ བསམ་གཏང་མི་ཚུགས།"
འབྲུག་རྒྱལ་པོ། སྤྱི་ལོ་༢༠༠༩།
དྲི་བ། ཨ་ལོ་ཚུ་ལུ་རྩུབ་སྤད་ཟེར་མི་འདི་ག་ཅི་ས?
ཨ་ལོ་ཚུ་ལུ་རྩུབ་སྤད་ཟེར་མི་འདི་ འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལ་བ་ཅིན་ རང་ གིས་རང་ལུ་དང་ གཞན་ལུ་ དེ་ལས་ སྡེ་ཚན་དང་མི་སྡེ་ལུ་ གནོད་སྐྱོན་དང་ཤི་རྐྱེན་ དེ་ལས་ སེམས་ཁམས་འཕད་བསྟེན་ལུ་གནོད་པ་བྱུང་བཅུག་ནིའི་དོན་ལུ་ མནོ་བཞིན་བསམ་ བཞིན་སབས་ཤུགས་ཀྱིས་ཐོག་ལས་འབད་བའི་བྱ་ངན་དང་ འཇིགས་སྐུལ་ལུ་ རྩུབ་སྤད་ཟེར་ གོཝ་ཨིནམ་སྦེ་གསལ་བཀོད་འབད་ནུག། དེ་བཟུམ་སྦེ་ ཡུ་ཨེན་སི་ཨཱར་སི་(འཛམ་གླིང་སྤྱི་ཚོགས་ཨ་ལོའི་དབང་ཆ་ལྷན་འཛོམས་) གི་ རྩ་ཚན་༡༩ པའི་ནང་ རྩུབ་སྤད་ཟེར་མི་འདི་ དབང་བཙོང་འདོད་སྤད་བརྩིས་པའི་ གཟུགས་ ཁམས་དང་སེམས་ཁམས་ཀྱི་རྩུབ་སྤད་ལུ་བརྟེན་པའི་ སྡུག་སྦང་དང་ གནོད་པ་ལུ་གོཝ་ཨིནམ་ སྦེ་གསལ་བཀོད་འབད་ནུག། རྩུབ་སྤད་དེ་ འདྲ་མཉམ་མེད་པའི་དབང་ཆ་ལུ་བརྟེན་ཏེ་འབྱུངམ་ཨིནམ་ད་ དེ་ནང་ དཔལ་ འབྱོར་དང་ མི་སྡེའི་གནས་ཚད་ གཟུགས་ཁམས་དང་སེམས་ཁམས་གནས་སངས་ ཕོ་མོའི་ ལཱ་འགན་ དེ་ལས་ ཆོས་དང་ལམ་སལ་དང་འབྲེལ་བའི་གནད་དོན་ཚུ་ཚུདཔ་ཨིན། གོང་གསལ་གནད་དོན་དང་འབྲེལ་བའི་བྱ་ངན་ཚུ་ ཨ་ལོ་ཚུ་ལུ་བྱུང་པ་ཅིན་དེ་ལུ་ ཨ་ལོའི་ རྩུབ་སྤད་ཟེར་གོ་དགོ་མི་དེ་ཡང་ དེ་ཚུ་ ཨ་ལོའི་དབང་ཆ་ལོག་སྤད་དང་འབྲེལ་བའི་གནད་དོན་ འབདཝ་ལས་ཨིན། བདེན་ཁུངས་ཅན་གྱི་ཐབས་བྱུས་ ཨིནསི་པ་ཡེར་(INSPIRE Strategy) ཟེར་མི་ནང་ གཤམ་གསལ་ལྟར་ ཨ་ལོའི་ལོ་ཚད་དང་འཁྲིལ་བའི་རྩུབ་སྤད་ཀྱི་དབྱེ་བ་ ཚུ་གསལ་བཀོད་འབད་དེ་ཡོདཔ་ཨིན།
པར་རིས་༢ པ་: ལོ་ཚད་དང་འཁྲིལ་བའི་རྩུབ་སྤད་ཀྱི་དབྱེ་བ།
དྲི་བ། ཨ་ལོ་ཚུ་ལུ་རྩུབ་སྤད་འབད་བའི་གནོད་པ་ག་དེ་སྦེ་ར་ཡོདཔ་ ཨིན་ན?
རྩུབ་སྤད་ལུ་བརྟེན་ཏེ་ ཨ་ལོ་ཚུའི་ཚེ་གང་ལུ་གནོད་པ་ཡོདཔ་ཨིན། དེ་ཡང་ རྩུབ་སྤད་འབད་མི་དེ་གིས་ ཨ་ལོའི་གཟུགས་ཁམས་དང་སེམས་ཁམས་ གཉིས་ཆ་རའི་འཕད་བསྟེན་མེདཔ་གཏང་སྟེ་ མི་ཚེ་དགའ་ཏོག་ཏོ་དང་སྐྱིད་ ཏོག་ཏོ་སྦེ་སད་ཚུགས་པའི་ གོ་སྐབས་དེ་མེདཔ་གཏངམ་ཨིན། རྩུབ་སྤད་དེ་ ལུ་བརྟེན་ཤི་རྐྱེན་དང་གནོད་སྐྱོན་ལས་ལྷག་པའི་གནོད་པ་ཡོདཔ་ད་ དེ་ཡང་ དེ་གིས་ འབུ་ནད་དང་མ་འབུ་བའི་ནད་གཞི་ སེམས་ཁམས་ལུ་གནོད་པ་ ཉེན་ཁ་ཅན་གྱི་བྱ་སྤད་ ཤེས་ཡོན་དང་ལཱ་གཡོག་ནང་འབད་རུང་ལཱ་ཤུལ་གྲུབ་ འབྲས་འཐོན་མ་ཚུགས་པའི་གནས་སངས་བྱུངམ་མ་ཚད་ ཁྲིམས་འགལ་གྱི་ ལཱ་ནང་འབྲེལ་གཏོགས་འབད་ནི་ཚུ་ཚདཔ་ཨིན། ཨ་ལོའི་མི་ཚེ་ནང་ རྩུབ་ སྤད་ཚར་གཅིག་འབྱུང་སྟེ་འབད་རུང་ དེ་གིས་ ཚེ་གང་ལུ་གནོད་པ་ཡོདཔ་ ཨིན།
རྩུབ་སྤད་དེ་གིས་ ཨ་ལོའི་ཀླདཔ་གི་གནས་ལུགས་མེདཔ་གཏངམ་མ་ཚད་ གཟུགས་སབས་རྒྱས་ནི་ལུ་གནོད་པ་རྐྱབ་པའི་ཁར་ ལྷབ་ སྦང་འབད་ནི་དང་ བསམ་སྤད་གོང་འཕེལ་གཏང་ནི་ལུ་ཡང་གནོད་པ་ཡོདཔ་མ་ཚད་ མི་སྡེ་ནང་ཡང་ཕན་གྲོགས་འབད་མི་ཚུགས། ཨ་ ལོ་སྦེ་སད་པའི་སྐབས་རྩུབ་སྤད་དང་ ཉེས་སྤད་ དེ་ལས་ སེམས་སྡུག་འབྱུང་པ་ཅིན་ མི་ཚེ་གཅིག་ནང་གནོད་པ་ཡོདཔ་ད་ སེམས་ སྡུག་དེ་ཡང་ གཙོ་བོ་ ཨ་ལོ་སྦེ་སད་པའི་སྐབས་ སྣང་མེད་སྦེ་བཞག་པ་དང་ རྩུབ་སྤད་དང་ཉེས་སྤད་འབད་བ་ དེ་ལས་ དཀའ་ སྡུག་མང་རབས་ཅིག་མང་མི་ལུ་བརྟེན་འབྱུང་དོ་ཡོདཔ་བཞིན་ དེ་གིས་ ཀླདཔ་གོང་འཕེལ་འགྱོ་ནི་དང་ འཕད་བསྟེན་ དེ་ལས་ ལྷབ་སྦང་དང་ བྱ་སྤད་ལུ་ཡང་གནོད་པ་ཡོདཔ་ཨིན།
སྣང་མེད་སྦེ་བཞག་མི་ལུ་བརྟེན་ཀླདཔ་གོང་འཕེལ་ལུ་གནོད་པ།
(གཡོན་ཁ་ཐུག་གི་པར་རིས་འདི་ འཕད་བསྟེན་ ལེགས་ཤོམ་ཡོད་མི་སྐྱེས་ལོ་༣ ལངས་མི་ཨ་ལོ་གི་ མགུ་ཏོག་དང་ གཡས་ཁ་ཐུག་གི་པར་རིས་འདི་ ཚོར་ནད་(Severe sensory-deprivation neglect) ཡོད་མི་སྐྱེས་ལོ་༣ ལངས་མི་ཨ་ལོའི་ མགུ་ཏོག་ཨིན། སྣང་མེད་བཞག་མི་ཨ་ལོའི་ཀླདཔ་དེ་སྤྱིར་བཏང་ཨ་ ལོའི་ཀླདཔ་ལས་ཆུང་པའི་ཁར་ཀླད་དར་ཡང་བཞན་ དང་མ་འདྲཝ་སྦེ་འདུག)
རྩུབ་སྤད་འབྱུང་སྟེ་ཡོད་མི་ཨ་ལོ་ལུ་ ཡུན་རིངམོ་གི་གནས་སངས་ནང་ སབ་གྲྭ་ནང་ལྷབ་སྦང་གི་གྲུབ་འབྲས་ལེགས་ཤོམ་འཐོན་ མི་ཚུགས་ནི་དང་ ལ་ལུ་ཤུལ་ལས་སམ་འགྱོ་ཚརཝ་ད་ འོང་འབབ་བཟོ་ཚུགས་པའི་ལཱ་ཟེར་ག་ནི་ཡང་འབད་མ་ཚུགས་པར་ དབུལ་ཕོངས་ཀྱི་དཀའ་ངལ་ནང་སད་དགོ་ཡང་འབྱུང་འོང།