དྲི་བ། ཨ་ལོའི་རྩུབ་སྤད་འབྱུང་དགོ་པའི་གནད་དོན་ག་ཅི་ན?
རྩུབ་སྤད་ལུ་མི་སྡེའི་བཟོད་བསན་དང་ངོས་ལེན།
ཨ་ལོ་དང་གཞོན་སྐྱེས་ དེའི་ནང་དོན་ཉིད་ལས་བུམོ་ཚུ་ལུ་ རྩུབ་སྤད་འབྱུང་ནིའི་གནོད་ ཉེན་ཡོད་མི་དེ་ཡང་་་་་་
རྐྱེན་ངན་བྱུང་མི་དང་ བུཚ་དང་ཕོ་སྐྱེས་ཀྱིས་ཉེས་སྤད་འབད་མི་ལུ་བཟོད་བསན་དང་ངོས་ ལེན་འབད་མི་ལུ་བརྟེན་ཨིན། དེ་ཡང་ རྩུབ་སྤད་དང་ ཉེས་བཀོལ་གྱི་གནད་དོན་དེ་ སྤྱིར་བཏང་གི་གནས་སངས་བཟུམ་ཅིག་དང་ མི་སྡེའི་ཁ་ཐུག་ལས་བཀག་འཛིན་འབད་མ་ ཚུགས་པའི་གནས་སངས་ཅིག་སྦེ་བརྩི་འཇོག་འབད་མི་ལུ་བརྟེན་ཨིན། དེ་བཟུམ་སྦེ་ གནོད་པ་ཕོག་མི་ཚུ་ལུ་ རྫུན་ཁ་བཀལཝ་ཨིན།
སྤྱིར་བཏང་མི་སྡེའི་རྩུབ་ སྤད་ལུ་བཟོད་བསན་དང་ དགའ་མཐུན་གྱི་གནད་དོན་ ལྷག་པར་དུ་ འདོད་སྤད་ལོག་ སྤད་ཀྱི་གནད་དོན་མང་ཤོས་ར་ གནས་རིམ་ཆུང་བའི་མི་སྡེ་ནང་ཡོད་པའི་ཨམ་སྲུ་དང་ཨ་ ལོ་ དེ་ལས་ ཕོ་མོའི་དབྱེ་བ་དང་ ཤ་ཤེད་ཅན་གྱི་དབང་བའི་འགྲོ་ལུགས་ཡོད་པའི་མི་སྡེ་ ཚུ་ནང་ལས་འཐོནམ་ཨིན་པས། དེ་འབདཝ་ལས་ ཕོ་མོ་འདྲ་མཉམ་གྱི་དམིགས་ཡུལ་གྲུབ་ཐབས་དང་ རྩུབ་སྤད་མར་ཕབ་ འབད་ནི་ སྔོན་འགོག་གི་ཐབས་ལམ་སན་ནི་ དེ་ལས་ དམིགས་བསལ་གྱི་མཐའ་སྐྱོང་ དང་ རྒྱབ་སྐྱོར་བྱིན་ནི་ལུ་ ཕོ་མོའི་དབྱེ་བ་ལུ་བརྟེན་པའི་ཕོ་སྐྱེས་ཀྱི་ཐོབ་དབང་དང་ ཨམ་ སྲུའི་གཟུགས་ལུ་དབང་བའི་ ལུགས་སལ་ཚུ་བསྒྱུར་བཅོས་འབད་ནིའི་ཐབས་ལམ་སན་ནི་ དེ་ གལ་གནད་ཅན་ཅིག་ཨིན།
རྩུབ་སྤད་དེ་ མི་སྡེ་དང་ བཟའ་ཚང་ འབྲེལ་མཐུན་ དེ་ལས་ ཨ་ལོ་ཚུའི་ཉིན་བསར་ གྱི་མི་ཚེའི་ནང་ཕན་གནོད་གང་རུང་ཡོད་པའི་ གཞན་མི་སྡེ་དང་ དཔལ་འབྱོར་ དེ་ལས་ ལམ་སལ་ལ་སོགས་པའི་ཆ་རྐྱེན་ཚུ་ནང་ཡོདཔ་ཨིན།
མི་སྡེ་སྐྱེ་ལྡན་གནས་སངས་དཔེ་རིས་ཀྱིས་ ངོ་རྐྱང་དང་ འབྲེལ་མཐུན་ མི་སྡེ་ དེ་ལས་ མི་སྡེ་དང་འབྲེལ་བའི་ཆ་རྐྱེན་ཚུ་གིས་ ཕན་ཚུན་ག་དེ་སྦེ་ཕན་གནོད་འབྱུངམ་ཨིན་ན་ གསལ་སན་འབདཝ་ཨིན།
རྩུབ་སྤད་ཀྱི་རྒྱུ་རྐྱེན་ག་ཅིག་ར་ཨིན་རུང་ གལ་གནད་ཅན་ཅིག་ཨིནམ་ད་ སྔོན་འགོག་ གི་གནས་སངས་ནང་ ཆ་རྐྱེན་གཞན་འཚོལ་ཞིབ་ཀྱི་དོན་ལུ་ བརག་ཞིབ་འབདཝ་ཨིན། འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལ་བ་ཅིན་ སྐྱེ་ལྡན་གནས་སངས་ཀྱི་གྲུབ་མཐའ་ ལུ་ གནས་ཚད་བཞི་ཡོདཔ་ད་ གནས་ཚད་རེ་རེ་གི་ཐོག་ ཨ་ལོ་ཚུ་ལུ་ལོག་སྤད་དང་ རྩུབ་སྤད་འབད་འོང་ཟེར་ གསལ་བཀོད་འབད་ནུག།
མི་ངོ་རྐྱང་གི་གནས་ཚད་ནང།
ལྷན་སྐྱེས་ཀྱི་ཁྱད་རྣམ་དང་ སྐྱེས་ལོ་ ཕོ་མོའི་དབྱེ་བ་ འཕད་བསྟེན་གྱི་གནས་ཚད་ ཡན་ལག་སྐྱོན་ཞུགས་ཀྱི་ གནས་སངས་དང་ རིག་རྩལ།
- ཕོ་མའི་རགས་དང་ སྐྱེས་ལོ་ལ་སོགས་པའི་སྐྱེ་ལྡན་དང་སྒེར་དོན་གྱི་རྣམ་པ།
- ཤེས་ཡོན་གྱི་གནས་རིམ་དམའ་བ། • འོང་འབབ་ཆུང་བ།
- ཡན་ལག་སྐྱོན་ཅན་ ཡང་ན་ སེམས་ཁམས་འཕད་བསྟེན་གྱི་དཀའ་ངལ།
- གནོད་པ་ཡོད་པའི་ཆང་དང་སྨ་རྫས་ལག་ལེན།
- རྩུབ་སྤད་བྱུང་ཡོད་པའི་ལོ་རྒྱུས་ཡོད་པ།
འབྲེལ་མཐུན་གྱི་གནས་ཚད་ནང།
མི་སྡེའི་གནས་ཚད་ནང་ བཟང་ཚང་དང་ ཆ་རོགས་ དེ་ལས་ མི་གཞན་དང་གཅིག་ཁར་འབྲེལ་བ།
- ཨ་ལོ་དང་ཕམ་ དེ་ལས་ གཅེས་སྐྱོང་འབད་མིའི་བར་ན་ འདུ་ཤེས་མེད་པ།
- ཕ་མའི་སྐྱོང་བཞག་མེད་པ། • བཟའ་ཚང་མེདཔ་ཐལ་བ་དང་ཡ་བྲལ།
- ཕམ་གཉིས་ཀྱི་བར་ནའི་རྩུབ་སྤད་དང་གཅེས་སྐྱོང་འབད་མ་ཚུའི་བར་ནའི་རྩུབ་སྤད་ཚུ་མཐོང་བ།
- གདོང་ལན་ཅན་གྱི་བྱ་སྤད་ཡོད་པའི་འདྲ་མཉམ་དང་གཅིག་ཁར་འབྲེལ་བ་ཚུད་པ།
མི་སྡེའི་གནས་ཚད་ནང།
མི་སྡེ་ཟེར་མི་འདི་ རང་གི་བཟའ་ཚང་དང་ མི་གཞན་ཡོད་པའི་གལ་གནད་ཅན་གྱི་སྡེ་ཚོགས་ཅིག་ཨིན། མི་སྡེ་འདི་ རིམ་ སྒྲིག་དང་ རིམ་ལུགས་ ཞབས་ཏོག་ དེ་ལས་ སྤྱི་སྡེའི་མཐུན་འབྲེལ་བཟོ་སའི་ས་ཁོངས་ སབ་གྲྭ་དང་ ལཱ་འབད་སའི་ས་ ཁོངས་ གསོ་བའི་ལྟེ་བ་ ཚོང་ཁྲོམ་ མི་སྡེ་ལྟེ་བ་དང་ ཕག་མཆོད་གསོལ་བ་བཏབ་སའི་ས་ཁོངས་ཚུ་གིས་བཟོ་བཟོཝ་ཨིན།
- དབུལ་ཕོངས།
- མི་རབས་མངམ་ཡོད་པ།
- སྤྱི་སྡེའི་མཐུན་འབྲེལ་ཉུང་བ་དང་གནས་སྐབས་ཅིག་གི་མི་འབོར།
- ཆང་དང་གོ་མཚོན་འཇམ་ཏོང་ཏོ་སྦེ་འཐོབ་པ།
- ཨ་ལོའི་རྩུབ་སྤད་དང་འབྲེལ་བའི་གནད་དོན་ལུ་འཇོན་ཐང་ཅན་གྱི་སྒོ་ལས་གདོང་ལན་ འབད་ནིའི་དོན་ལུ་ མི་སྡེའི་གཞི་བཀོད་ ཡང་ན་ ལས་ཚོགས་སྒྲིང་སྒྲིང་མེད་པ།
- མི་ངན་སྡེ་ཚན་ལེ་ཤ་ཡོད་པ་དང་ ཁྲིམས་འགལ་སྨ་རྫས་ཚོང་འབྲེལ་འཐབ་པ།
སྤྱི་སྡེའི་གནས་ཚད་ནང།
ཁྲིམས་ལུགས་དང་ སྲིད་བྱུས་ དེ་ལས་ སྤྱི་སྡེ་དང་ལམ་སལ་གྱི་ གོམས་གཤིས།
- ཨ་ལོ་ཉེན་སྲུང་གི་ཁྲིམས་ལུགས་དང་སྲིད་བྱུས་མེད་པ་ ཡང་ན་ སྒྲིང་སྒྲིང་མེད་པ།
- ཨ་ལོ་ཉེན་སྲུང་གི་ཁྲིམས་ལུགས་ག་ཅི་བཟུམ་གཞི་བཙུགས་འབད་ རུང་ ཕན་ནུས་ ཡང་ན་ སྒྲིང་སྒྲིང་མེད་པ།
- གཞུང་གི་ལས་སྡེ་ཁག་གི་བར་ན་མཉམ་འབྲེལ་མེད་པ། • རྩུབ་སྤད་བྱུང་ཚར་བའི་ཤུལ་ལོག་ཨ་རག་ཧ་ལུགས་ཡར་སོང་ཡི་ཟེར་མནོ་བའི་སྤྱི་སྡེ་དང་ཕོ་མོའི་ལམ་ལུགས་ དང་གོམས་གཤིས་(ལམ་སལ་གྱི་ཡིད་ཆེས)།
- འདྲ་མཉམ་མེད་པའི་ དཔལ་འབྱོར་དང་ ཕོ་མོ་ དེ་ལས་ མི་སྡེའི་གནད་དོན་ཚུ་སེལ་ཚུགས་པའི་ དཔལ་ འབྱོར་དང་ ཤེས་རིག་ དེ་ལས་ མི་སྡེའི་སྲིད་བྱུས།
- སྤྱི་སྡེ་ཉེན་སྲུང་གི་ཐབས་ལམ་ལངམ་སྦེ་མེད་པ་དང་ ཡང་ན་ མེད་པ།
- འཐབ་འཛིང་གི་ཤུལ་ལས་ཀྱི་གནས་སངས་ ཡང་ན་ རང་བཞིན་རྐྱེན་ངན།
- གཞུང་སྐྱོང་དང་ ཁྲིམས་ལུགས་སྒྲིང་སྒྲིང་མེད་པ།