evac 13.png

དྲི་བ། རྩུབ་སྤད་འདི་ག་ཏེ་ལུ་འབྱུངམ་ཨིན་ན? རྩུབ་སྤད་འབྱུང་ནིའི་ཉེན་ཁ་ག་ལུ་ཡོདཔ་ཨིན་ན་དང་དེའི་གནོད་ པ་ག་དེ་སྦེ་ར་ཡོདཔ་ཨིནན?

ཨ་ལོའི་རྩུབ་སྤད་འདི་ ཉིན་བསར་བཞིན་དུ་ག་ཏེ་ལུ་ཡང་བྱུངམ་ཨིན། རྩུབ་སྤད་འདི་ ཁྱིམ་ནང་དང་ སྤེལ་ཁང་ སབ་གྲྭ་དང་སབ་ གྲྭ་ནང་འགྱོ་སའི་ལམ་ཁར་ ཡོངས་འབྲེལ་ཐོག་ལས་ ལཱ་འབད་སའི་ས་ཁོངས་དང་ ཁྲོམ་ཁར་ དེ་ལས་ མི་སྡེ་ཚུ་ནང་བྱུངམ་ཨིན། དེ་བཟུམ་སྦེ་ དཔལ་འབྱོར་གྱིས་ཕྱུག་པའི་ས་ཁོངས་དང་ དབུལ་ཕོངས་ཀྱི་ས་ཁོངས་གཉིས་ཆ་རའི་ནང་འབྱུངམ་མ་ཚད་ དེ་དང་ འདྲཝ་སྦེ་ འཐབ་འཛིང་དང་ འཛིང་འཁྲུག་གིས་གནོད་སྐྱོན་རྐྱབ་ཡོད་པའི་ས་ཁོངས་ཚུ་ནང་ལས་ཕར་ཡང་ ཨ་ལོའི་རྩུབ་སྤད་བྱུངམ་ ཨིན།

evac 14.png

ལ་ལུ་ཅིག་ལུ་ ཕོ་མོའི་དབྱེ་བ་དང་ འདྲ་སྡེ་ མི་རིགས་ བཟའ་ཚང་གི་གནས་རིམ་ དེ་ལས་ ཡན་ལག་སྐྱོན་ཞུགས་ལུ་བརྟེན་ རྩུབ་སྤད་འབྱུང་ནིའི་གནོད་ཉེན་ཡོདཔ་ཨིན།

དེའི་ནང་དོན་ཉིད་ལས་ བུམོ་ཡན་ལག་སྐྱོན་ཅན་དང་ ཡང་ན་ མི་རིགས་སྐྱོ་དྲགས་སད་སའི་ས་ཁོངས་ ཉེན་སྲུང་མེད་པའི་ཁྲོམ་ ཚོགས་ འཛིང་འཁྲུག་ལངས་སའི་ས་ཁོངས་དང་ འཕད་བསྟེན་དང་འབྲེལ་བའི་གློ་བུར་ཉེན་འཚུབས་ཀྱི་གནས་སངས་དཔེར་ན་ ནད་ཡམས་ཀོ་ཝིག་-༡༩ ལ་སོགས་པའི་གནས་སངས་འབྱུང་པའི་སྐབས་ལུ་ རྩུབ་སྤད་འབྱུང་ནིའི་ཉེན་ཁ་མང་སུང་ཡོདཔ་ཨིན། དཔལ་འབྱོར་གྱི་གནས་སངས་ལཱ་ཁག་ཐོན་པའི་སྐབས་ལུ་ མི་ལ་ལུ་ཅིག་གིས་བྱ་ཐབས་མེད་པར་ རྩུབ་སྤད་དང་ ཉེས་བཀོལ་ ཨ་ལོ་བཀོལ་སྤད་ལས་སོགས་པའི་ བྱ་ངན་འབད་དགོ་པའི་གནས་སངས་ཡང་འབྱུང་སྲིད།

ད་རེས་ནད་ཡམས་ཀོ་ཝཊི་-༡༩ གི་གནས་སྐབས་ནང་ ཨ་ལོའི་རྩུབ་སྤད་ཀྱི་གནད་དོན་དེ་ ཧེང་སྐལ་སྐྱོ་སུ་སོང་ཡོདཔ་ད་ དེའི་ ནང་དོན་ཉིད་ལས་ ས་ཁོངས་ས་སོར་འབད་དེ་སད་དགོ་མིའི་ཨ་ལོ་ཚུ་ བཀོག་བཞག་དགོཔ་ ཡང་ན་ ཕམ་དང་གཅིག་ཁར་ཁ་ བྲལ་ཏེ་དྭ་ཕྲུག་སྦེ་སད་དགོ་འཐོན་དོ་ཡོདཔ་ལས་ དེ་ཚུ་ སྐྱེ་བོ་ནག་ཚོང་གི་བྱ་ངན་ནང་ཚུད་དོ་ཡོད་པའི་ཁར་ འགྲུལ་སྐྱོད་བཀག་ དམ་ལུ་བརྟེན་ ཨ་ལོ་ཚུ་བཟའ་ཚང་དང་གཅིག་ཁར་ཁ་བྲལ་འགྱོ་དགོཔ་འཐོན་དོ་ཡོད་མི་དེ་གིས་ སབ་གྲྭ་ནང་འགྱོ་མ་ཚུགས་པར་ ལུསཔ་མ་ཚད་ འཚོ་སྐྱོང་གི་དོན་ལུ་ སྦུང་ལཱ་འབད་དགོཔ་ཡང་འཐོན་ནུག།

དེ་བཟུམ་སྦེ་ སྤེལ་ཁང་དང་ སབ་གྲྭ་ནང་ལས་ཕར་སད་དགོཔ་ཐོན་མི་ཚུ་ ས་ཁོངས་ནང་བསམས་ཏེ་ལྡེ་མིག་རྐྱབ་བཞག་མི་ལུ་ བརྟེན་ རྩུབ་སྤད་འབྱུང་ནིའི་ ཉེན་ཁ་ཡོདཔ་ཨིན། ཤེས་ཡོན་དང་ དགའ་སྤའི་ལས་རིམ་ཚུ་མང་ཤོས་ཅིག་ ཡོངས་འབྲེལ་ཐོག་ ལས་འོང་ནི་དེ་གིས་ ཨ་ལོ་ཚུ་ལུ་ ཡོངས་འབྲེལ་ཐོག་གི་དབང་བཙོང་བང་བཙོང་གི་གནས་དོན་ཚུ་འབྱུང་སྲིད་ནི་ཨིནམ་མ་ཚད་ གནོད་ཉེན་ཆེ་བའི་ ཡོངས་འབྲེལ་གྱི་ནང་དོན་ཚུ་ཡང་མཐོང་རྒྱ་མང་འོང།

Previous