དྲི་བ། ནད་ཡམས་ཀོ་ཝིཊ་-༡༩ དེ་གིས་ གནས་སངས་འདི་ཧེང་སྐལ་ར་སྐྱོ་སུ་བཟོ་ཡི་ག?
སྤྱི་༢༠༢༡ ལོར་ ཀོ་ཝིཊི་-༡༩ ཐོག་ཞིབ་འཇུག་འབད་བའི་སྐབས་ནད་ཡམས་ཀྱིས་ གནོད་གཉེན་ཆེ་བའི་ཨམ་སྲུ་དང་ཨ་ལོ་ཚུ་ལུ་ འབྱེམ་སམ་སྦེ་ར་ཕོག་ནུག་ཟེར་ཨིན་པས། ཨམ་སྲུ་དང་ཨ་ལོ་ཚུ་ལུ་ གླ་ཆ་མ་ཐོབ་པའི་མཐའ་སྐྱོང་གི་ལཱ་དང་ནང་འཁོད་ཀྱི་ལཱ་འབད་ དགོཔ་མངམ་ཐོན་ནུག། གསོ་བའི་ཞབས་ཏོག་ཚུ་ལེགས་ཤོམ་ཐོབ་ཡོད་རུང་ སབ་གྲྭ་སྒོ་བསམས་བཞག་དགོཔ་ཐོན་མི་ལུ་བརྟེན་ གྲོང་གསེབ་དང་ལྷོ་ཕགས་ས་གནས་ཚུ་ནང་དཀའ་ངལ་ཐོན་ནུག
དེ་བཟུམ་སྦེ་ ཡོངས་འབྲེལ་གྱི་མཐུན་རྐྱེན་ཚད་ཅིག་ལས་མེད་མི་དང་ཡོངས་འབྲེལ་གྱི་འཐུས་དང་འབྲེལ་བའི་འགྲོ་སོང་ དེ་ལས་ འགྲུལ་འཕྲིན་མེད་པའི་དཀའ་ངལ་ཚུ་ལུ་བརྟེན་ ཡོངས་འབྲེལ་ཐོག་གི་ལྷབ་སྦང་གི་རིམ་ལུགས་ལུ་ཐོ་ཕོག་ཡོདཔ་མ་ཚད་ ཨ་ལོ་ མངམ་ར་སབ་གྲྭ་ནང་ལས་ཐོན་སད་དགོཔ་བྱུང་ནུག། རྩུབ་སྤད་ཀྱི་གནད་དོན་ཡར་སེང་སོང་མི་ལུ་བརྟེན་ ཉེན་སྲུང་དང་སྲུང་སྐྱོབ་དང་འབྲེལ་བའི་དཀའ་ངལ་ཡར་སེང་སོང་ནུག།
ཨ་ལོ་ བརྒྱ་ཆ་༥ དེ་ཅིག་ལུ་ རྩུབ་སྤད་ཁག་གཅིག་དང་ གཅིག་ལས་ལྷག་བྱུང་ཡོད་པའི་སྙན་ཞུ་བཀོད་ཡོདཔ་ད་ མང་ཤོས་ལུ་སེམས་ ཁམས་ནང་འབྲེལ་བའི་རྩུབ་སྤད་བྱུང་ཡོདཔ་སྦེ་བཀོད་ནུག། དེ་ནང་ལས་མངམ་སུ་ཅིག་བུམོ་ཚུ་ལུ་བྱུང་ནུག།
སྤྱི་ལོ་༢༠༡༨ ལས་སྤྱི་ལོ་༢༠༢༢ སྤྱི་ཟླ་༦ ཚུན་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ ཨམ་ སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་ནང་ གཤམ་གསལ་ལྟར་ རྩུབ་སྤད་དང་འབྲེལ་བའི་གནད་ དོན་ཚུ་ཐོ་བཀོད་འབད་ནུག།
- སྐྱེས་ལོ་༠-༢༤ གི་བར་ན་འབད་མི་ ཨ་ལོ་དང་ན་གཞོན་༩༧༠ ལུ་ རྩུབ་སྤད་བྱུང་ནུག།
- རྩུབ་སྤད་རྐྱེན་ངན་ལས་མ་ཤི་བར་སད་མི་བརྒྱ་ཆ་༦༨ ཨམ་སྲུ་ཚུ་ཨིན་པས།
- སྣང་མེད་སྦེ་བཞག་པའི་གནད་དོན་བརྒྱ་ཆ་༣༤ ཨིནམ་ད་ དེ་ཡང་ གནད་དོན་མཐོ་ཤོས་༣༢༦ ཨིན་ པས།
- སེམས་ཁམས་རྩུབ་སྤད་དེ་ མཐོ་ཤོས་ཨང་གཉིས་པ་ཨིནམ་ད་ དེ་ཡང་གནད་དོན་༢༥༥ (བརྒྱ་ཆ་༢༦)།
- སེམས་ཁམས་རྩུབ་སྤད་དེ་ བརྒྱ་ཆ་༢༦ ཨིནམ་ད་ གནད་དོན་ཁག་༢༡༣ བྱུང་ནུག།
- དབང་བཙོང་འདོད་ཀྱི་རྩུབ་སྤད་ བརྒྱ་ཆ་༡༤ ཨིནམ་ད་ གནད་དོན་ཁག་༡༣༤ བྱུང་ནུག།
- ཉེས་བཀོལ་དང་འབྲེལ་བའི་གནད་དོན་ཁག་༤༢ ཐོ་བཀོད་འབད་ཡོདཔ་ད་ གནད་དོན་ཡོངས་བསམས་ ལས་བརྒྱ་ཆ་༤ ཨིན་པས།
- སྤྱི་ལོ་༢༠༢༡ ལོར་ རྩུབ་སྤད་ཀྱི་གནད་དོན་མཐོ་ཤོས་སྙན་ཞུ་འབད་ཡོདཔ་ད་ གནད་དོན་ཁག་ ༩༧༠ ལས་ ལོ་དེ་ནང་ར་གནད་དོན་ཁག་༣༤༥ ཐོ་བཀོད་འབད་ནུག།