གནད་དོན།

དྲི་བ། འབྲུག་ལུ་ཨ་ལོའི་རྩུབ་སྤད་མེདཔ་བཟོ་ནིའི་བརྡ་སྐུལ་ཁྱབ་སྤེལ་ག་ཅི་སྦེ་འབད་དགོཔ་ས?

གནད་དོན་ཚུ་ཤེས་རགས་ཀྱི་དོན་ལུ་རང་གིས་རང་ལུ་དྲི་དཔྱད་འབད་གེ་་་་་- འབྲུག་རྒྱལ་ཁབ་ཀྱི་སྙིང་ནོར་ངོ་མ་ར་ག་ཅི་ཨིན་ན? ཡང་ན་ འབྲུག་རྒྱལ་ཁབ་ནང་བཟའ་ཚང་གི་སྙིང་ནོར་ངོ་མ་ར་ག་ཅི་ ཨིན་ན?- ཡང་ན་ ཁྱོད་ཀྱིས་ཨ་ལོ་ལུ་ག་ཅི་གི་རེ་འདོད་བསྐྱེདཔ་ས? འབྲུག་རྒྱལ་ཁབ་ཀྱི་སྙིང་ནོར་ངོ་མ་ར་ མི་སབས་འདི་ཨིནམ་ལས་ བཟའ་ཚང་ག་ ར་གིས་ ཨ་ལོ་ཚུ་གཟུགས་ཁམས་བདེ་ཏོག་ཏོ་དང་ ལྕོགས་གྲུབ་དང་དགའ་སྐྱིད་ དང་ལྡནམ་སྦེ་བཞག་ནིའི་རེ་འདོད་བསྐྱེདཔ་ཨིན། ཨ་ལོ་ཚུ་མ་འོངས་པ་ནང་ མི་སབས་ཀྱི་གཞི་རྟེན་ཨིནམ་ལས་ཁོང་གི་བདེ་སྐྱིད་དེ་ གལ་ཆེ།

evac 6.png


དྲི་བ། དེ་འབད་བ་ཅིན་འབྲུག་རྒྱལ་ཁབ་ནང་ཨ་ལོའི་རྩུབ་སྤད་ཀྱི་གནས་སངས་ག་དེ་སྦེ་ ཡོདཔ་ཨིན་ན?

སྤྱི་ལོ་༢༠༡༦ ལོར་ ཨ་ལོའི་རྩུབ་སྤད་ཐོག་ཞིབ་འཇུག་འབད་བའི་སྐབས་གཤམ་གསལ་ལྟར་མངོན་ གསལ་བྱུང་ནུག།

  • སྐྱེས་ལོ་༡༣–༡༧ བར་ན་འབད་མི་ཨ་ལོ་༡༠ ལས་༦ ལྷགཔ་ཅིག་ལུ་ ཁོང་གི་མི་ཚེ་ནང་ཉུང་མཐའ་ གཟུགས་ཁམས་རྩུབ་སྤད་ཚར་གཅིག་བྱུང་ཡོདཔ་སྦེ་བཀོད་ནུག།
  • ཨ་ལོ་༡༠ ལས་༡ ལྷགཔ་ཅིག་ལུ་ མི་ཚེ་ནང་འདོད་སྤད་དང་འབྲེལ་བའི་རྩུབ་སྤད་བྱུང་ཡོདཔ་སྦེ་སྙན་ ཞུ་བཀོད་ཡོདཔ་ད་ དེ་ཡང་ (བརྒྱ་ཆ་༡༢)། བུམོ་(བརྒྱ་ཆ་༡༣.༥) བུཚ་(༡༡.༩)།
evac 7.png
  • ཨ་ལོ་བརྒྱ་ཆ་༢༠ ལྷགཔ་ཅིག་ཁོང་རའི་ཁྱིམ་ནང་(བརྒྱ་ཆ་༡༠.༣) ཡང་ན་ མི་གཞན་གྱི་ཁྱིམ་ནང་སྦེ་ (བརྒྱ་ཆ་༡༡) འདོད་པའི་གློག་བརྙན་ཚུ་མཐོང་རྒྱ་མང་ཡོདཔ་སྦེ་སྙན་ཞུ་བཀོད་ནུག།
  • ཨ་ལོ་ཕྱེད་ཀ་དེ་ཅིག་ལུ་ཁོང་རའི་མི་ཚེ་ནང་ སེམས་ཁམས་དང་འབྲེལ་བའི་རྩུབ་སྤད་ཁག་ཅིག་(བརྒྱ་ ཆ་༤༧.༤) བྱུང་ཡོདཔ་ད་ དེའི་ནང་ལས་བུམོ་ཚུ་ལུ་མངམ་སྦེ་བྱུང་དོ་ཡོད་པའི་སྙན་ཞུ་བཀོད་ནུག། དེ་ ཡང་ བུམོ་(བརྒྱ་ཆ་༥༢.༣) དང་བུཚ་(བརྒྱ་ཆ་༤༠.༩) ཨིན་པས།
evac 8.png

Previous Next