ལོ་ཚད་འདྲ་མཉམ་གྱི་རྩུབ་སྤད།
འཛམ་གླིང་ནང་གི་ན་གཞོན་ཕད་ཀ་ཅིག་ལུ་ སབ་གྲྭ་ཚུ་ནང་དང་ སབ་གྲྭའི་མཐའ་འཁོར་ལས་པར་ རྩུབ་སྤད་བྱུང་དོན་ཡོདཔ་ཨིན། ཨ་ལོ་ཚུའི་དོན་ལུ་ སབ་གྲྭ་འདི་ཉེན་སྲུང་དང་ལྡནམ་སྦེ་མ་བཟོ་བ་ཅིན་ ཨ་ལོ་སང་ཕག་ལས་བཅད་མི་ལུ་ ཡར་སྐྱེད་དང་ ལྷབ་སྦང་ གི་གོ་སྐབས་མ་མཐོབ་པར་ར་ལུས་འོང། འཛམ་གླིང་ནང་ ཨ་ལོ་ཚུ་རྩུབ་སྤད་དང་འབྲེལ་བའི་གནད་དོན་དང་ དབང་བཙོང་བང་བཙོང་ སབ་དཔོན་དང་སབ་ཕྲུག་གཞན་མི་ཚུ་ལུ་བརྟེན་པའི་ འདོད་སྤད་ཉེས་བཀོལ་ གོ་མཚོན་ དེ་ལས་ གཞན་ལོག་སྤད་ཚུ་ལས་ མཛེམ་ སད་ནིའི་དོན་ལུ་ སབ་གྲྭ་ནང་ལས་འཐོན་ཏེ་ཁྱིམ་ནང་སད་དོ་ཡོདཔ་ཨིན། རྩུབ་སྤད་ཀྱིས་ ཨ་ལོའི་བདེ་སྐྱིད་ལུ་ གནོདཔ་མ་ཚད་ ལྷབ་སྦང་ལུ་བར་ཆད་རྐྱབ་ཨིན། རྩུབ་སྤད་ལུ་བརྟེན་ རང་ཡིད་རང་མགུ་དང་ ཡོད་ཐོ་ལུ་གནོདཔ་མ་ཚད་ སབ་སྦང་གི་གནས་རིམ་ལུ་ གནོདཔ་ལས་ དེ་གིས་ ཨ་ལོ་མང་ཤོས་ཅིག་ སབ་གྲྭ་ནང་ལས་འཐོན་སད་དགོཔ་པའི་ཁར་ འཕ་བསྟེན་དང་འབྲེལ་བའི་གནད་དོན་ ཐོན་དོ་ཡོདཔ་ཨིན། རྩུབ་སྤད་བྱུང་མི་ཨ་ལོ་ཚུ་ ཁོང་ར་དང་འདྲ་མཉམ་ཚུ་གིས་སྣང་ཆུང་སྦེ་བརྩིཝ་ལས་ ཆ་རོགས་མེད་པའི་སྐྱོང་སྣང་ ནང་སད་དགོ་འབྱུང་ནིའི་ཉེན་ཁ་ཡོད། དེ་བཟུམ་སྦེ་ མི་རིགས་ཆུང་བ་དང་ ཡན་ལག་སྐྱོན་ཅན་ དེ་ལས་ མཚན་མ་དང་འབྲེལ་བའི་ དཀའ་ངལ་ཡོད་མི་(LGBTQI) ཚུ་ལུ་ རྩུབ་སྤད་ཀྱི་གནད་དོན་འབྱུང་ནི་ཉེན་ཁ་མངམ་ཡོདཔ་ཨིན།
འཛམ་གླིང་ནང་ སབ་ཕྲུག་༣ ལས་༡ གིས་ (སྐྱེས་ལོ་༡༣-༡༥ བར་ན་འབད་མི་) འཐབ་འཛིང་ནང་འབྲེལ་གཏོགས་འབདཝ་ཨིན་ པས། དེའི་ནང་ཉིད་ལས་ བུཚ་ཚུའི་ནང་འཁོད་ལུ་དྲག་རྒོལ་གྱི་གནད་དོན་ཚུ་མངམ་ཐོནམ་ཨིན་པས། དེ་བཟུམ་སྦེ་ དབུལ་ཕོངས་ཀྱི་ དཀའ་ངལ་ཡོད་ས་དང་ མི་སྡེ་ལས་ཕྱིར་བཏོན་འབད་དེ་ཡོད་པའི་སྡེ་ཚན་ མི་བཙན་པའི་ཉེ་འདབས་ས་ཁོངས་ དེ་ལས་ ལཱ་གཡོག་ དང་ གོ་སྐབས་ཀྱི་དཀའ་ངལ་ཡོད་པའི་མི་སྡེ་ཚུ་ནང་ སྡེ་ཚན་བཟོ་སྟེ་རྩུབ་སྤད་འབད་མི་འཐོན་དོ་ཡོདཔ་ཨིན། དེ་བཟུམ་མའི་མི་སྡེ་ ནང་ མི་སྡེ་དཔལ་འབྱོར་གྱི་དངོས་གནས་དང་ ལམ་སལ་གྱི་གོམས་གཤིས་ལུ་བརྟེན་ཏེ་ འདྲ་མཉམ་གྱི་རྩུབ་སྤད་ཀྱི་གནད་དོན་ཚུ་ འཐོན་དོ་ཡོདཔ་ཨིན།
འཛམ་གླིང་ནང་ སྐྱེས་ལོ་༡༣-༡༥ གི་བར་ན་འབད་མི་ སབ་ཕྲུག་ས་ཡ་༡༣༠ ལུ་ རྩུབ་སྤད་བྱུང་དེ་འདུག། སྐྱེས་ལོ་༡༣-༡༥ གི་ བར་ན་འབད་མི་ སབ་ཕྲུག་༣ ལས་༡ གི་ འཐབ་འཛིང་ནང་འབྲེལ་གཏོགས་འབདཝ་ཨིན་པས། དབང་པོ་སྐྱོན་ཅན་གྱི་ཨ་ལོ་ཚུ་ལུ་ གཟུགས་ཁམས་དང་ འདོད་སྤད་ དེ་ལས་ སེམས་ཚོར་དང་འབྲེལ་བའི་རྩུབ་སྤད་བྱུང་ནིའི་ཉེན་ཁ་མངམ་ཡོད།
འབྲུག་ལུ་ བུཚ་(༢༤.༢) དང་བུམོ་(༢༡.༨) ལུ་ འདྲ་མཉམ་པའི་རྩུབ་སྤད་བྱུང་ནུག་(ཨ་ལོའི་རྩུབ་སྤད་ཞིབ་འཇུག་༢༠༡༦)། དབང་ བཙོང་བང་བཙོང་དང་ འཐབ་འཛིན་ དེ་ལས་ འདྲ་མཉམ་པའི་རྩུབ་སྤད་དེ་གནད་དོན་གཙོ་བོ་ཅིག་ཨིན་པས། འཛམ་གླིང་སབ་གྲྭའི་སབ་ཕྲུག་གི་འཕད་བསྟེན་ཞིབ་འཇུག་ནང་འཁྲིལཝ་ད་ སྐྱེས་ལོ་༡༣-༡༥ བར་ན་འབད་མི་ བརྒྱ་ཆ་༣༠ ལུ་ ཉིན་ གྲངས་༣༠ ནང་རྩུབ་སྤད་ཚར་གཅིག་ལས་ལངམ་བྱུངམ་མས་ཟེར་བཀོད་ནུག།
འདྲ་མཉམ་པའི་རྩུབ་སྤད་བྱུང་དགོ་པའི་གནད་དོན་གཙོ་བོ་ར་ གཉེན་བྲལ་དང་ མཚམས་འཛིན་མེད་པར་ཡོངས་འབྲེལ་ཐོག་ལུ་སད་ནི་ ཆང་ རྒྱུ་རྫས་ དབུལ་ཕོངས་ དགའ་མཐུན་ ཕོ་མོའི་དབྱེ་བ་ དེ་ལས་ སྣང་མེད་བཞག་པ་དང་ དབང་པོ་སྐྱོན་ཅན་གྱི་གནད་དོན་ལུ་ བརྟེན་ཏེ་ བྱུངམ་ཨིན་པས།
འདྲ་མཉམ་གྱི་རྩུབ་སྤད་ཀྱི་རགས་མཚན།
- སབ་གྲྭ་ནང་ཆད་སྦེ་ལུས་པ། སབ་གྲྭའི་ལཱ་ཚུ་ནང་འབྲེལ་ གཏོགས་མི་འབད་བར་སད་ནི།
- གཟུགས་ཁར་རྨ་སྐྱོན་ཡོད་པ།
- སེམས་ཁམས་དང་སེམས་ཚོར་དང་འབྲེལ་བའི་གནད་དོན།
- ཕྱིར་བཏོན་པ་དང་རང་ཡིད་རང་མགུ་མེད་པ།
- གཉིད་མེད་པ།
- ཆང་དང་རྒྱུ་རྫས་ལོག་སྤད།
- བྱ་སྤད་ལུ་འགྱུར་བ།
- ལོ་ཚད་དང་མ་བསྟུན་པའི་བྱ་སྤད།
- མི་གཞན་ལུ་གནོད་པ་ཆེ་བ།