evac 24.png

དྲི་བ། ཡོངས་འབྲེལ་ཐོག་གི་རྩུབ་སྤད་ཟེར་མི་འདི་ག་ཅི་ས?

If you cannot view the above video, you can instead download it.

ཡོངས་འབྲེལ་ཐོག་གི་རྩུབ་སྤད་ཟེར་མི་འདི་ ན་ལོན་(ངོ་ཤེས་མི་དང་མ་ཤེས་མི་)དང་ འདྲ་མཉམ་ཚུ་གིས་ འདོད་སྤད་ཉེས་བཀོལ་ དང་ཨ་ལོ་རྩུབ་སྤད་འབད་ནིའི་དོན་ལུ་ མི་སྡེ་བརྡ་བརྒྱུད་དང་ གཞན་ཌི་ཇི་ཊལ་གྱི་ཐབས་རིག་/ཐབས་རིག་གཞན་ལག་ལེན་ འཐབ་མི་ལུ་སབ་ཨིན། ཐབས་རིག་དེ་ཚུ་ལུ་བརྟེན་ དགའ་མཐུན་གྱི་འབྲེལ་བ་དང་ ཕོ་མོའི་དབྱེ་བ་འཚོལ་ཞིབ་བརྩིས་པའི་ལོ་ ཚད་དང་བསྟུན་པའི་ནང་དོན་ལེ་ཤ་ཅིག་མཐོང་རྒྱ་མང་བཅུགཔ་ཨིན། ཡོངས་འབྲེལ་ཐོག་གི་ཨ་ལོའི་རྩུབ་སྤད་ལ་ལུ་ཁྲིམས་འགལ་ དང་ལ་ལུ་ཁྲིམས་འགལ་མེན་ ཨིན་རུང་ ག་ར་གནོད་ཅན་ཨིན། ཡོངས་འབྲེལ་ཐོག་གི་རྩུབ་སྤད་ཀྱི་གྲངས་སུ་ རྩུབ་སྤད་ཅན་གྱི་ ནང་དོན་མཐོང་རྒྱ་མང་ནི་དང་ མི་རིགས་དང་ཆོས་ལུགས་ ཕོ་མོའི་དབྱེ་བ་ལ་སོགས་པའི་མ་དགའ་བའི་གཏམ་བཤད་པ་ ཕྱི་མི་ ལུ་སང་བའི་འཕྲིན་ཡིག་གཏང་ནི་ དེ་ལས་ ཡོངས་འབྲེལ་ཐོག་ལས་བང་བཙོང་དབང་བཙོང་གི་ངན་བསྐུལ་འབད་ནི་ཚུ་ཚུདཔ་ཨིན།

  • ཉིན་བསར་བཞིན་དུ་ འགོ་ཐོག་ཡོངས་འབྲེལ་ཐོག་ལུ་སད་མི་ ཨ་ལོ་༡༧༥,༠༠༠ ལྷགཔ་ཅིག་འདུག།
  • སྐར་ཆ་ཕྱེད་ནང་ ཨ་ལོ་རེ་ཡོངས་འབྲེལ་ཐོག་སདཔ་ཨིན་པས།
  • ཨ་ལོ་ས་ཡ་༨༠༠ གིས་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ཨིན་པས།
  • འཛམ་གླིང་ནང་གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་མི་དཔྱ་༣ ལས་༡ ཨ་ལོ་ཨིན་པས།
  • འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ སྙན་ཞུ་༢༠༢༠ ནང་ འབྲུག་ལུ་ཡོངས་འབྲེལ་ལག་ལེན་འཐབ་མི་མངམ་ར་ སྐྱེས་ལོ་ ༦-༢༤ གི་བར་ན་འབད་མི་ཚུ་ཨིནམ་སྦེ་བཀོད་ནུག། དེ་ཡང་ དཔྱ་སྙོམས་ཚད་གཞི་ནང་འབད་བ་ཅིན་ འབྲུག་མི་ཚུ་གིས་ ཉིན་བསར་བཞིན་དུ་ དུས་ཡུན་ སྐར་མ་༡༦༣ རེ་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་སྟེ་རྫོགསཔ་མས་ཟེར་ཨིན་པས། ཕམ་ གསུམ་ལས་གཅིག་རྐྱངམ་གཅིག་གིས་ ཨ་ལོ་ཚུ་ལྟ་རག་འབད་དོ་ཡོདཔ་ད་ ཕམ་༡༢༤༤ ལས་ བརྒྱ་ཆ་༦༦ གིས་ཨ་ལོ་ཚུ་ གིས་མི་སྡེ་བརྡ་བརྒྱུད་འདི་དོན་སྨིན་ཅན་གྱི་ལཱ་གི་དོན་ལུ་ལག་ལེན་འཐབ་ཨིནམ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་པས།
evac 25.png
  • འབྲེལ་ཡོད་ལས་སྡེ་(བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག། ཤེས་རིག་ ལྷན་ཁག། རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས) (༢༠༡༩) ‘‘རྒྱལ་ཡོངས་ཨ་ལོའི་ཡོངས་འབྲེལ་ཐོག་གི་ཉེན་སྲུང་དང་སྲུང་སྐྱོབ་” གི་ སྙན་ཞུ་ནང་ སྐྱེས་ལོ་༡༢-༡༧ གྱི་བར་ན་འབད་མི་སབ་ཕྲུག་༢༣༨༡ ལས་ བརྒྱ་ཆ་༨༡.༡ ལུ་ འགྲུལ་འཕྲིན་(གློག་རིག་བཟུམ་སྦེ་ལག་ལེན་ རིམ་ལུགས་དང་མཉེན་ཆས་ཡོད་པའི་བརྒྱུད་འཕྲིན) ཡོདཔ་ད་ ཉིན་ བསར་བཞིན་དུ་ དུས་ཡུན་ཆུ་ཚོད་༡-༢ ཡོངས་འབྲེལ་ཐོག་ལུ་སད་དེ་ དུས་ཚོད་རྫོགསཔ་མས་ཟེར་ བཀོད་དེ་འདུག།
  • སྐྱེས་ལོ་༡༢-༡༧ གྱི་བར་ན་འབད་མི་ སབ་ཕྲུག་བུམོ་༢༣༨༡ ལས་ བརྒྱ་ཆ་༥༧ གྱིས་ ཡོངས་འབྲེལ་ཐོག་ལས་ངོ་མ་ཤེས་མི་དང་འཕད་དེ་ འབྲེལ་བ་བཟོ་ནུག།
  • སབ་ཕྲུག་བརྒྱ་ཆ་༣༨ ཀྱིས་ ཁོང་གི་ཁྱིམ་ནང་ གློག་རིག་ཡོངས་འབྲེལ་ /ཌི་ཇི་ཊལ་གྱི་ཐབས་རིག་ལག་ལེན་ནི་ལུ་བཀག་ཆ་མེད་ཟེར་བཀོད་ནུག།
  • ཡོངས་འབྲེལ་ཐོག་གི་འཇིགས་སྐུལ་ཚུ་གི་གྲལ་ལས་ མཐོ་ཤོས་ར་(བརྒྱ་ ཆ་༥༠) མི་གཞན་གྱིས་སྒེར་གྱི་བརྡ་དོན་ཚུལ་མིན་ཐོག་ལག་ལེན་འཐབ་ མི་དེ་ཨིན་པས།
evac 26.png


ཡོངས་འབྲེལ་ཐོག་གི་རྩུབ་སྤད་ཀྱི་དབྱེ་བ།

  • འགྲུལ་འཕྲིན་གྱི་ཐོག་ལས་འདོད་སྤད་དང་འབྲེལ་བའི་པར་བརྙན་དང་འཕྲིན་ཡིག་གཏང་ནི
    • རང་དང་གཞན་གྱི་ འདོད་སྤད་དང་འབྲེལ་པར་དང་ གློག་བརྙན་ལ་སོགས་པ་གཏང་སྟེ་ གཞན་ལུ་བྱ་སབས་མ་བདེཝ་བཟོ་ བ། གལ་སྲིད་ཨ་ལོ་/ན་ལོན་ཚུ་ལུ་དབང་བཙོང་གི་ཐོག་ལས་ འདོད་སྤད་ཀྱི་པར་བརྙན་དང་ འཕྲིན་ཡིག་ཚུ་གཏང་བཅུག་ པ་ཅིན་དེ་ལུ་ ལོག་སྤད་ཟེར་ སབ་ཨིན།
  • ཡོངས་འབྲེལ་ཐོག་གི་དབང་བཙོང་།
    • གློག་རིག་ཡོངས་འབྲེལ་ཐོག་ལས་བང་བཙོང་དབང་བཙོང་འབད་མི་ལུ་ ཡོངས་འབྲེལ་ཐོག་གི་དབང་བཙོང་ཟེར་ སབ་ཨིན། དེའི་གྲངས་སུ་ འཇིགས་སྐུལ་དང་ མ་གུས་པའི་བསམ་འཆར་བཙུགས་ནི་ ངོ་རགས་བརྐུ་ནི་ གནས་ཚུལ་རྫུས་མ་ཁྱབ་ སྤེལ་འབད་ནི་ ཡང་ན་ མི་གཞན་གྱི་སད་གནས་འཚོལ་ནི་ཚུ་ཚུདཔ་ཨིན།
  • སེམས་ཚོར་གྱི་རྩུབ་སྤད།
  • ཨ་ལོའི་རྩུབ་སྤད་གྱི་འབྲེལ་མཐུན།
    • ཨ་ལོའི་རྩུབ་སྤད་གྱི་འབྲེལ་མཐུན་ཟེར་མི་འདི་ འདོད་སྤད་ལོག་སྤད་དང་ ཉེས་ བཀོལ་ དེ་ལས་ ནག་ཚོང་གི་དོན་ལུ་ ཨ་ལོ་ཚུ་དང་གཅིག་ཁར་མཐུན་ལམ་བཟོ་མི་ ལུ་གོཝ་ཨིན།
  • འདོད་སྤད་ལོག་སྤད་དང་ཉེས་བཀོལ།
    • འདོད་སྤད་ལོག་སྤད་དང་ཉེས་བཀོལ་ཟེར་མི་འདི་ གཡོ་སྒྱུའི་ཐོག་ལས་དབང་བཙོང་སྟེ་ འདོད་པའི་འཕྲིན་ཡིག་དང་ པར་ དེ་ལས་ གློག་བརྙན་ཚུ་གཏང་བཅུག་ནི་དང་ ཡང་ན་ འདོད་སྤད་ཀྱི་བ་སབ་བཅུག་ནི་ལུ་གོཝ་ཨིན།


evac 26.png

དྲི་བ། ཡོངས་འབྲེལ་ཐོག་གི་རྩུབ་སྤད་སྔོན་འགོག་དང་གདོང་ལེན་འབད་ནིའི་དོན་ལུ་ག་ཅི་འབད་དགོ?

འབད་བཏུབ།

  • ནམ་ར་འབད་རུང་ཁྱོད་ཀྱི་གློག་རིག་ཡོངས་འབྲེལ་ནང་བཙུགས་མི་ཚུ་གཏན་འཇིགས་ཀྱི་དོན་ལུ་ཨིནམ་མ་ཚད་ ག་ཏེ་ལུ་ཡང་ ཁྱབ་པའི་ཁར་ གཏན་རྐྱང་གི་དོན་བཏོན་གཏང་ནི་མེད་ལཱ་ཁག་དྲགས་ཅིག་ཟེར་ སེམས་ཁར་ངེས་དགོ།
  • རང་དང་གཅིག་ཁར་ག་གིས་བཤད་ཐོ་གཏང་བཏུབ་ག་དང་ རང་གི་པར་དང་ སྒེར་གྱི་བརྡ་དོན་ཚུ་བརྗེ་སོར་འབད་བཏུབ་ག་ ཚད་འཛིན་འབད་ནིའི་དོན་ལུ་ རང་གི་མི་སྡེ་བརྡ་བརྒྱུད་དང་གཏམ་ཁང་གི་ཁ་བྱང་ཚུ་དུས་རྒྱུན་ཞིབ་དཔྱད་འབད་དགོ།
  • ཟློག་མཉེན་ལག་ལེན་འཐབ་ཐོག་ལས་ དུས་རྒྱུན་དུ་ གློག་རིག་དང་འགྲུལ་འཕྲིན་ཚུ་དུས་མཐུན་བཟོ་དགོ།
  • ནམ་ར་འབད་རུང་ཡོངས་འབྲེལ་གྱི་ཐོག་ལས་ཐོབ་པའི་ལཱ་གཡོག་དང་གྲོགས་རམ་ཚུ་ལུ་དྲན་པ་བཏོན་དགོ། ཁྱོད་ཀྱིས་ལཱ་ གཡོག་གི་དོན་ལུ་ཞུ་ཡིག་བཙུགས་ཅི་ག་ ཡང་ན་ གྲོགས་རམ་ཐོབ་དགོ་པའི་རྒྱུ་མཚན་ག་ཅི་ཡོད་ག་དབྱེ་བ་དཔྱད་དགོཔ་ད་ གལ་སྲིད་ རྒྱུ་མཚན་ག་ནི་མེད་པ་ཅིན་ དེ་གཡོ་འཕྲུལ་ཨིནམ་ལས་ དྲན་པ་བཏོན་དགོ། གྲོགས་རམ་བྱིན་མི་རེ་ཡོད་པ་ཅིན་ དེའི་སྐོར་ལས་ཞིབ་འཚོལ་འབད་དགོ།
  • གལ་སྲིད་ ཡོངས་འབྲེལ་ཐོག་གི་རྩུབ་སྤད་འབྱུང་པ་ཅིན་ རང་གི་ཕམ་དང་ བདག་འཛིན་པ་ ཡང་ན་ སབ་དཔོན་ཚུ་ལུ་ སབ་དགོ། འབད་ཚུགས་པ་ཅིན་ཁྲིམས་སྲུང་འགག་པ་ལུ་སྙན་ཞུ་འབད་དགོ། དེ་ཁྱོད་ཀྱི་འཛོལ་བ་མེནམ་ལས་ ངོ་ཚ་དགོཔ་ མེད།
  • བ་གཏད་ཚུགས་པའི་རྒས་ཤོས་ལུ་མ་སབ་པར་ ཡོངས་འབྲེལ་ཐོག་ལས་འཕད་མི་དང་གཅིག་ཁར་ མི་མེད་ལུང་སང་གི་ས་ ཁོངས་ནང་འཕད་ནི་ལས་འཛེམ་དགོ།
  • ཡོངས་འབྲེལ་ཐོག་ག་དེ་སྦེ་ཉེན་སྲུང་དང་ལྡནམ་སྦེ་སད་དགོཔ་ཨིན་ནིའི་སྐོར་ལས་ བསམ་འཆར་བརྗེ་སོར་འབད་དེ་ གཅིག་ གིས་ཅིག་ལུ་རྒྱབ་སྐྱོར་འབད་དགོཔ་མ་ཚད་ ཡོངས་འབྲེལ་ཐོག་གྱི་རྩུབ་སྤད་ལུ་རྒྱབ་འགལ་འབད་དགོ།
  • ཡོངས་འབྲེལ་ཐོག་ག་དེ་སྦེ་ཉེན་དང་ལྡནམ་སྦེ་སད་དགོ་ག་གི་སྐོར་ལས་ བརྡ་དོན་བརྗེ་སོར་འབད་དེ་ གཅིག་གིས་ཅིག་ལུ་ རྒྱབ་སྐྱོར་འབད་དགོ།
  • ཡོངས་འབྲེལ་ཐོག་གི་རྩུབ་སྤད་དང་འབྲེལ་བའི་གནད་དོན་ག་ཅི་འཐོན་རུང་ གྲོགས་རམ་གྱི་དོན་ལུ་ ཨམ་དང་ཨ་ལོའི་གྲོགས་ རམ་རྒྱུན་ལམ་༡༠༩༨ དང་ འབྲུག་གི་འགག་སྡེའི་འབྲེལ་ཨང་༡༡༣ ན་གཞོན་ལམ་སན་གྱི་འབྲེལ་ཨང་༡༢༣༧ དེ་ལས་ འགྲུལ་འཕྲིན་ཨང་༡༧༡༢༦༣༥༣ གྱི་ཐོག་ལས་ རྒྱལ་ཡོངས་ཨམ་སྲུང་དང་ཨ་ལོའི་ལྷན་ཚོགས་ནང་འབྲེལ་བ་འཐབ་དགོ།

❌ འབད་མ་བཏུབ།

  • ང་གིས་ངོ་ཤེས་མི་དང་ ཡོངས་འབྲེལ་ཐོག་ལས་འཕད་མི་ དེ་ལས་ ནམ་ཡང་མ་ འཕད་མི་ལུ་ རང་གི་པར་དང་སྒེར་གྱི་བརྡ་དོན་ དཔེར་ན་ བརྒྱུད་འཕྲིན་གྱི་ཨང་ དང་ སབ་གྲྭ་ ཡང་ན་ ཁྱིམ་གྱི་ཁ་བྱང་ཚུ་བྱིན་ནི་དང་ ཡོངས་འབྲེལ་ཐོག་ལས་ བརྗེ་སོར་འབད་ནི་ལས་འཛེམ་དགོ།
  • ཡོངས་འབྲེལ་དང་ ཡོངས་འབྲེལ་འཆར་སྒོ་ནང་ཡོད་པའི་ སེམས་དཀྲུགས་པའི་ ནང་དོན་ཚུ་ལུ་བལྟ་ནི་མི་འོང། དེ་བཟུམ་མའི་ པར་དང་གློག་བརྙན་ དེ་ལས་ ཡི་གུ་ཚུ་གིས་ ཤུལ་ལས་རང་ལུ་གནོད་པ་རྐྱབ་འོང།
  • ན་གཞོན་ཚུ་གི་གྲོས་གནས་དང་གཏམ་ཁང་ནང་ཡོད་པའི་བརྡ་དོན་དང་བ་ཚུ་ ཨ་ལོ་ ཚུ་ལུ་འོས་འབབ་མེདཔ་ལས་ བལྟ་ནི་མི་འོང། གལ་སྲིད་ལ་ལུ་གིས་ ཁྱོད་ལུ་མ་ བདེ་ཁག་ཁ་དང་ ཚ་གྱང་ལངས་ནིའི་ བ་རེ་སབ་པ་དང་ ཡི་གུ་རེ་བྲིས་བ་ཅིན་ དེ་ ཚུ་ངོས་ལེན་མ་འབད་བར་གཏམ་ཁང་ནང་ལས་ ཐོན་འགྱོ་དགོ།
  • བ་རིག་ཡོངས་འབྲེལ་ནང་ཡོད་པའི་ བརྡ་དོན་ཚུ་ལུ་ ཡིད་ཆེས་བསྐྱེད་ནི་མི་འོང། བརྡ་ དོན་ཚུ་རང་གི་བ་གཏད་ཚུགས་མི་རྒས་ཤོས་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་སྟེ་བདེན་ དཔྱད་འབད་དགོ།
  • ལེབ་ཊོབ་དང་གློག་འཕྲིན་ཁ་བྱང་ མི་སྡེ་བརྡ་བརྒྱུད་ དེ་ལས་ འགྲུལ་ འཕྲིན་ཚུ་གི་ གསང་ཨང་ཚུ་གཞན་ལུ་སབ་ནི་མི་འོང།
  • མི་ངོ་མ་ཤེས་མི་ལས་ཆ་རོགས་ཀྱི་མགྲོན་བརྡ་འོངམ་ད་ ངོས་ལེན་ འབད་ནི་ལུ་ཚེར་སྣང་བསྐྱེད་ནི་མི་འོང། ཆ་རོགས་གསརཔ་བཟོ་ནི་འདི་ ལེགས་ཤོམ་ཨིན་རུང་ ངོས་ལེན་མ་འབད་བའི་ཧེ་མར་ ཁོང་གི་གནས་ སྡུད་དེ་བལྟ་ཞིབ་འབད་དགོ། ཆ་རོགས་བཟོ་ནིའི་མགྲོན་བརྡ་སྐྱེལ་མིའི་ ཆ་རོགས་ཀྱི་ཆ་རོགས་དང་ཁྱོད་ཀྱི་ཆ་རོགས་གཅིག་ཨིན་སྦེ་ག? ཁྱོད་ར་ གཉིས་སད་སའི་ས་གནས་གཅིག་ལས་ཨིན་ན? མི་འདི་གིས་ཁྱོད་ཀྱི་ བརྡ་དོན་ཚུ་མཐོང་མ་བཅུག་པར་བཞག་ནིའི་དོན་ལུ་ རང་གི་སྒེར་གྱི་ ཐབས་རིག་བརག་ཞིབ་འབད་དགོ། མི་ལ་ལུ་གིས་རྫུས་མ་བཟོཝ་ལས་ ཡོངས་འབྲེལ་ཐོག་ལས་ཁོང་གིས་བྲིས་མི་དང་ སབ་མི་ཚུ་བདེན་པ་ ཨིན་ན་ཤེས་ཚུགས་པར་ལཱ་ཁག་ཡོད་ཟེར་མི་འདི་སེམས་ཁར་ངེས་དགོ།
  • གལ་སྲིད་ཁྱོད་རའི་ཉེན་སྲུང་གི་སྐོར་ལས་ ཚ་གྱང་ཡོདཔ་འདྲཝ་ ཡང་ན་ ཡོངས་འབྲེལ་གྱི་ཐོག་ལུ་ ཁྱོད་ལུ་བྱ་སབས་མ་བདེཝ་ཐོན་པ་ ཅིན་ འདྲོག་བྱེལ་འཐབ་སྟེ་མ་སད་པར་ དེ་འཕའཕ་ལས་ རང་གིས་ བ་གཏད་ཚུགས་པའི་ན་ལོན་ལུ་སབ་དགོ།ལས་ རང་གིས་བ་གཏད་ ཚུགས་པའི་ན་ལོན་ལུ་སབ་དགོ།

evac 27.png


ཕམ་དང་གཅེས་སྐྱོང་པ་འབདཝ་ལས་ ཡོངས་འབྲེལ་ཐོག་གི་སྲུང་གི་ཐབས་ལམ་ཚུ་ཤེས་དགོ།

འབད་བཏུབ།

  • རང་གི་ཨ་ལོ་ལུ་ཡོངས་འབྲེལ་ཐོག་གི་ལོག་སྤད་དང་གནོད་པ་ཚུ་གི་སྐོར་ལས་ ཁ་སབ་ནི་དང་ ཡོངས་འབྲེལ་ཐོག་གི་ནང་དོན་ ལུ་ཉེན་སྲུང་ཅན་གྱི་ཐོག་ལས་ ལག་ལེན་འཐབ་དགོ་པའི་བརྡ་དོན་ཚུ་བརྗེ་སོར་འབད་དགོ།
  • ཁྱོད་ཀྱི་ཨ་ལོ་གིས་ ཡོངས་འབྲེལ་ཐོག་ལུ་བྱུང་པའི་དཀའ་ངལ་ཚུ་འབག་འོང་པའི་སྐབས་ལུ་ རྒྱབ་སྐྱོར་ཅན་དང་ ངོས་ལེན་ ཅན་ཅིག་འབད་དེ་ གྲོགས་རམ་འབད་དགོ། གལ་སྲིད་ཁྱོད་ལུ་ ཨ་ལོ་ལུ་རྒྱབ་སྐྱོར་འབད་ཚུགས་པའི་བརྡ་དོན་དང་ ཡང་ན་ ཉམས་མང་མེད་པ་ཅིན་ དཀའ་ངལ་སེལ་ཚུགས་མི་ཚུ་ལས་གྲོགས་རམ་ལེན་ནི་ལུ་ཚེར་སྣང་བསྐྱེད་ནི་མི་འོང།
  • ཨ་ལོ་ལུ་ཡོངས་འབྲེལ་ཐོག་ ཉེན་ཁ་འབྱུང་མི་དང་ སབ་སྦང་གི་གོ་སྐབས་ཚུ་གིས་སྐོར་ལས་ ཤེས་ནིའི་དོན་ལུ་ ད་རིས་ ནངས་པ་ཨ་ལོ་ཚུ་གིས་ ལག་ལེན་འཐབ་མི་ མི་སྡེའི་ཐབས་རིག་དང་ ཡོངས་འབྲེལ་ཐོག་གི་གློག་ལུགས་ཚུ་གི་སྐོར་ལས་ ལྷབ་སྦང་འབད་དགོ།
  • ཨ་ལོའི་གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་ཐངས་དང་ བཀག་དགོ་པའི་ནང་དོན་བཀག་ནི་ ཡང་ན་ ལེན་ནིའི་ཉེན་ བརྡ་ཚུ་བརག་ཞིབ་འབད་ནི་ལུ་ཕན་ཐོགས་པའི་ཡོངས་འབྲེལ་ཐོག་གི་རིམ་ལུགས་ཚུ་འཚོལ་ཞིབ་འབད་དགོ།
  • ཁྱོད་རའི་ཨ་ལོ་ལུ་འོས་འབབ་ལྡན་གྱི་ ཡོངས་འབྲེལ་ཐོག་གི་བྱ་སྤད་སན་དང་ ལྷབ་སྦང་གི་དོན་ལུ་ གློག་རིག་ཡོངས་འབྲེལ་ ལག་ལེན་འཐབ་ནིའི་དོན་ལུ་ ཡོངས་འབྲེལ་ཐོག་གཅིག་ཁར་སྦེ་དུས་ཚོད་སན་དགོ།

❌ འབད་མ་བཏུབ།

  • ལྟ་རག་མ་འབད་བར་ཨ་ལོ་ཚུ་ འཕྲུལ་རིག་དང་ གློག་རིག་ འགྲུལ་འཕྲིན་ དེ་ལས་ ལག་གློག་རིག་ཆུང་ཀུ་ཚུ་ཚད་ལས་ བརྒལ་ཏེ་ལག་ལེན་འཐབ་བཅུག་ནི་མི་འོང།
  • རྩུབ་སྤད་ཀྱི་ཉེན་ཁ་ལུ་བརྟེན་ ཁྱོད་ཀྱིས་ཨ་ལོ་འདི་ ཡོངས་འབྲེལ་གྱི་ལཱ་འབད་ནི་ལུ་ཚད་འཛིན་བཟོ་ནི་ ཡང་ན་ ལཱ་འབད་མ་ བཅུག་པར་བཞག་ནི་མི་འོང། འཕྲུལ་རིག་གིས་གོ་སྐབས་གསརཔ་ཚུ་བྱིནམ་ཨིན། ཨིན་རུང་ དེ་ག་དེ་སྦེ་ལག་ལེན་འཐབ་དོ་ ག་ སེམས་ཁར་བཀལ་ཏེ་ལྟ་རག་འབད་དགོ།
  • ཨ་ལོ་གིས་ཡོངས་འབྲེལ་ཐོག་ལུ་འབྱུང་པའི་ རྐྱེན་ངན་ཚུ་གི་སྐོར་ལས་སབ་ད་ཙིགཔ་ཟ་ནི་ ཡང་ན་ སེམས་ཕམ་ནི་མི་འོང། ཨ་ལོ་ལུ་རྫུན་ཁ་བཀལ་ནི་མེན་པར་ ཡོངས་འབྲེལ་ཐོག་ཉེན་སྲུང་དང་ལྡནམ་སྦེ་སད་དགོ་པའི་ བསབ་སན་དང་ བརྡ་དོན་ཚུ་ བྱིན་དགོ། གལ་སྲིད་ རྒྱབ་སྐྱོར་དགོ་པ་ཅིན་ ཐོབ་ཆོག་ཆོག་ཡོད་པའི་ཞབས་ཏོག་ཚུ་ལས་ལེན་དགོ།
  • ཡོངས་འབྲེལ་ཐོག་གི་ལཱ་ཚུ་ལྟ་རག་འབད་ནིའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ཁ་བྱང་ནང་ གསང་འཛུལ་འབད་དེ་ རང་གི་ཨ་ ལོའི་སྒེར་དབང་མེདཔ་གཏང་ནི་མི་འོང།
  • སྒྱེན་མོ་སྦེ་ཡོད་པའི་རང་ཨ་ལོའི་པར་ ཡང་ན་ ངོ་ཚ་སི་སིའི་པར་དང་ གློག་བརྙན་ཚུ་ ཡོངས་འབྲེལ་ནང་བཙུགས་ནི་མི་འོང། ཁྱོད་ཀྱིས་ དེ་བཟུམ་མའི་པར་བརྙན་བཙུགས་ནི་འདི་ ཧིང་ཚ་སི་སི་ཅིག་སྦེ་མནོ་འོང་ ཨིན་རུང་ འདོད་སྤད་ཀྱི་དོན་ལུ་ ཡོངས་ འབྲེལ་ཐོག་ལས་གཡིབ་སྟེ་ཨ་ལོ་འཚོལ་ཞིབ་འབད་མི་ཡོད་ཟེར་མནོ་དགོ།
  • ནམ་ར་འབད་རུང་ རང་གི་ལཱ་གི་སྐོར་ལས་དང་ སད་སའི་ས་གནས་ དེ་ལས་ འཆར་གཞིའི་སྐོར་ལས་ ཁ་གསལ་ཚེ་གཞན་ ལུ་སབ་ནི་མི་འོང། གལ་སྲིད་སབ་པ་ཅིན་ དེ་གིས་རང་གི་བཟའ་ཚང་གི་ཉེན་སྲུང་དང་སྲུང་སྐྱོབ་ལུ་གནོད་པ་འབྱུང་འོང།
Previous Next