དྲི་བ། ང་བཅས་ཀྱིས་རྩུབ་སྤད་འདི་སྔོན་འགོག་དང་ གདོང་ལེན་ག་དེ་སྦེ་འབད་ནི་ས?

རྩུབ་སྤད་སྔོན་འགོག་དང་གདོང་ལེན་འདི་ མཉམ་རུབ་ཀྱིས་ཐོག་ལས་འབད་དགོ། སྐྱེ་ལྡན་གནས་སངས་ཀྱི་གྲུབ་མཐའི་གནས་ ཚད་ཁག་བཞི་ནང་ གསལ་བཀོད་འབད་མི་ལྟར་ ཨ་ལོའི་ཉེན་སྲུང་དང་བདེ་སྐྱིད་བཙན་ཏོག་ཏོ་བཟོ་ནིའི་དོན་ལུ་ མཉམ་རུབ་ཀྱི་ ཐབས་ལམ་ཚུ་ངེས་པར་དུ་དགོ།


མི་ངོ་རྐྱང་གི་གནས་ཚད་ནང།

ཨ་ལོ་དང་གཞོན་སྐྱེས་ཚུ་གིས་གཤམ་གསལ་གནད་དོན་ཚུ་ཤེས་དགོ་པའི་ཁར་ སབ་ནི་དང་འབད་ནི་ལུ་ གཡང་ཟ་སྟེ་མ་སད་པར་་་

  • རྩུབ་སྤད་རྒྱབ་འགལ་འབད་དེ་ གནད་དོན་ཚུ་གི་སྐོར་ལས་བཤད་དགོ།
  • མི་གཞན་ལུ་གནོད་པ་བཀལ་ནི་མི་འོང།
  • རང་གི་བ་གཏད་ཚུགས་མི་ཚུ་དང་གཅིག་ཁར་ཁ་སབ་དགོ།
  • གྲོགས་རམ་གྱི་དོན་ལུ་ ཨམ་དང་ཨ་ལོའི་གྲོགས་རམ་རྒྱུན་ལམ་༡༠༩༨ དང་ འབྲུག་གི་འགག་སྡེའི་ འབྲེལ་ཨང་༡༡༣ ན་གཞོན་ལམ་སན་གྱི་འབྲེལ་ཨང་༡༢༥༧ དེ་ལས་ འགྲུལ་འཕྲིན་ཨང་༡༧༡༢༦༣༥༣ གྱི་ཐོག་ལས་ རྒྱལ་ཡོངས་ཨམ་སྲུང་དང་ཨ་ལོའི་ལྷན་ཚོགས་ནང་འབྲེལ་བ་འཐབ་དགོ།
  • རྩུབ་སྤད་ཀྱི་གནད་དོན་ལུ་སྙན་ཞུ་འབད་དགོ།
evac 14.png

ཕམ་དང་གཅེས་སྐྱོང་པ་ཚུ་གིས་ གནད་དོན་ཚུ་ཤེས་དགོ་པའི་ ཁར་ སབ་ནི་དང་འབད་ནི་ལུ་གཡང་ཟ་སྟེ་མ་སད་པར་་

  • རང་གི་ཨ་ལོ་ལུ་ཉན་དགོ།
  • ཨ་ལོ་དང་གཅིག་ཁར་རྩུབ་སྤད་ཀྱི་སྐོར་ལས་ཁ་སབ་དགོ།
  • ཨ་ལོ་ཚུ་ལེགས་ཤོམ་སྦེ་མཐའ་སྐྱོང་དང་ལམ་སན་འབད་དགོ།
  • ཨ་ལོ་ཚུ་སྣང་མེད་འབད་ཁོང་རའི་དབང་ཚད་ནང་མ་བཞག།
  • རྩུབ་སྤད་དང་གོམས་ཤིག་དང་འབྲེལ་གནད་དོན་ཚུ་གི་སྐོར་ལས་ བཤད་དེ་གདོང་ལེན་འབད།
  • བཟའ་ཚང་ནང་འོས་མཐུན་གྱི་གནས་སངས་བཟོ་དགོ།
  • བརྡུང་རྫོབ་དང་ཉེས་ཁྲིམས་བཀལ་ནི་སང་སྟེ་ ཕན་ནུས་ཅན་གྱི་ ཕ་མའི་སྐྱོང་བཞག་ལུ་བརྩོན།

མི་སྡེའི་གནས་ཚད་ནང།

ཞབས་ཏོག་མཁོ་འབད་མི་ཅིག་ཨིནམ་ལས།

  • ཨ་ལོ་དང་ གཞོན་སྐྱེས་ དེ་ལས་ ཕམ་ཚུ་ཚུ་གིས་ཁོང་གི་ཚ་གྱང་ཡོད་ལུགས་ཀྱི་སྐོར་ ལས་སབ་པའི་སྐབས་ཉན་དགོ་པའི་ཁར་ དཀའ་ངལ་སེལ་ནིའི་དོན་ལུ་བར་འཛུལ་གྱི་ལས་ སྣ་ཚུ་ནང་བཅའ་མར་གཏོགས་བཅུག་དགོ།
  • ཨ་ལོ་དང་ ཕམ་ དེ་ལས་ གཅེས་སྐྱོང་པ་ཚུ་དང་གཅིག་ཁར་སད་དེ་ རྩུབ་སྤད་ཀྱི་གནོད་ པ་ཚུ་གི་སྐོར་ལས་དང་ རྩུབ་སྤད་ངོས་འཛིན་འབད་ཐངས་ དེ་ལས་ གྲོགས་རམ་རྒྱུན་ ལམ་དང་ ཁྱད་རིག་ཞབས་ཏོག་འཚོལ་ཐངས་ཚུ་གི་སྐོར་ལས་ཤེས་ཡོན་ཚུ་སྤེལ་དགོ།
  • ཨ་ལོ་དང་གཞོན་སྐྱེས་ དེ་ལས་ ཕམ་དང་གཅེས་སྐྱོང་པ་ཚུ་ལུ་ རྩུབ་སྤད་ངོས་ལེན་གྱི་ བསམ་སྤད་དང་གོམས་གཤིས་ལུ་ རྒྱབ་འགལ་འབད་དགོ་པའི་སེམས་ཤུགས་བསྐྱེད་ བཅུག་དགོ།
  • ཉེན་སྲུང་དང་ལྡན་པའི་མི་སྡེ་བཟོ་ནི་ལུ་ ཐབས་རིག་གི་རྒྱབ་སྐྱོར་མཁོ་སྤད་འབད་དགོ།
  • གནོད་པ་བྱུང་ཡོད་མི་ཚུ་ལུ་དུས་ཐོག་གི་རྒྱབ་སྐྱོར་བྱིན་དགོ།
evac 15.png

མི་སྡེ་ནང་དབང་ཚད་ཅན་གྱི་འཐུས་མི་ཅིག་ཨིནམ་ལས།

  • རྩུབ་སྤད་འཐོན་པའི་སྐབས་ལུ་ ཁུ་སིམ་སིམ་སྦེ་སད་པའི་སལ་འདི་མེདཔ་བཟོ་ནིའི་ དོན་ལུ་ རྩུབ་སྤད་ཀྱི་བྱ་ངན་འབད་སར་མཐོང་པ་ཅིན་བར་འཛུལ་འབད་དེ་ གནད་ དོན་ཚུ་བཤད་ནིའི་འགོ་ཁྲིད་འབད་དགོ། དེ་གིས་ ཨ་ལོ་ཚུ་གིས་རྩུབ་སྤད་ཀྱི་གནད་ དོན་ཚུ་སྙན་ཞུ་འབད་ནིའི་ནང་གྲོགས་རམ་འབད་ཚུགས།
  • རང་ལུ་ཡོད་པའི་དབང་ཚད་འདི་ལག་ལེན་འཐབ་སྟེ་ རྩུབ་སྤད་ལུ་ཕན་གྲོགས་འབད་ བའི་བསམ་སྤད་དང་བྱ་སྤད་ཚུ་ལུ་ གདོང་ལེན་འབད་ཚུགས་པའི་ཐབས་ལམ་ཚུ་ བཤད་དགོ།
  • རྩུབ་སྤད་བྱུང་ཡོད་མི་ཨ་ལོ་དང་གཞོན་སྐྱེས་ཚུའི་མི་ཚེ་བསྐྱར་གསོ་གི་དོན་ལུ་ རྒྱབ་ སྐྱོར་གྱི་ཞབས་ཏོག་བྱིན་མི་ཚུ་དང་གཅིག་ཁར་འབྲེལ་བ་བཟོ་བྱིན་དགོ།
  • ཨ་ལོ་དང་ཨམ་སྲུའི་རྩུབ་སྤད་ལུ་བཟོད་བསན་སྤུ་ལས་ར་མེད་ཟེར་བའི་ཐོག་ ཉེན་ སྲུང་དང་ལྡན་པའི་མི་སྡེ་བཟོ་ནིའི་གོ་བརྡའི་ལས་རིམ་འགོ་འདྲེན་འཐབ་དགོ།
  • ཆོས་ལུགས་/ལམ་སལ་གྱི་རྒྱབ་ཁུངས་ ཕོ་མོའི་དབྱེ་བ་ དེ་ལས་ མི་རིགས་ལ་ སོགས་པའི་ཁྱད་པར་ཡོད་རུང་ མི་སྡེའི་འཐུས་མི་ཚུ་ཕན་ཚུན་གུས་ཞབས་ཀྱི་ཐོག་ མཐུན་ཏོག་ཏོ་སྦེ་སད་ཚུགས་ནི་ལུ་གྲོགས་རམ་འབད་དགོ།

སྤྱི་སྡེའི་གནས་ཚད་ནང།

  • ཁྲིམས་ལུགས་ སྲིད་བྱུས་ དེ་ལས་ སྤྱི་སྡེ་དང་ལམ་སལ་གྱི་གོམས་གཤིས། • གྲོས་ཐག་གཅད་མི་ཅིག་ཨིནམ་ལས།
  • ས་གནས་ཀྱི་གོང་འཕེལ་གྱི་འཆར་གཞི་ནང་ རྩུབ་སྤད་སྔོན་འགོག་གི་གནད་དོན་འདི་གཙོ་རིམ་ཅན་ཅིག་སྦེ་བཙུགས་ དགོ།
  • མཐུན་རྐྱེན་སྤད་ནི་དང་ གཞུང་སྐྱོང་གི་རིམ་སྒྲིག་དང་ འཛིན་སྐྱོང་གྱི་ལྕོགས་གྲུབ་གོང་འཕེལ་གཏང་དགོ།
  • ཁྲིམས་ལུགས་དང་ སྲིད་བྱུས་ དེ་ལས་ ལས་རིམ་ཚུ་གཞི་བཙུགས་འབད་དགོ།
evac 16.png

Next