དང་ལེན།
གཞུང། སབ་གྲྭ་ནང་དང་སབ་གྲྭའི་མཐའ་འཁོར་ དེ་ལས་ ཡོངས་འབྲེལ་ཐོག་ག་ཅི་གི་ཐད་ལས་འབད་ རུང་ སབ་ཕྲུག་ཚུ་ཉེན་སྲུང་ལྡནམ་སྦེ་བཞག་ནིའི་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་བརྩམ་དགོ། ཉེན་ སྲུང་གི་མཐུན་རྐྱེན་མེད་མི་ ཡང་ན་ ཚངམ་སྦེ་མེད་མི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ལུས་ཐོག་ཉེས་ ཁྲིམས་བཀག་དམ་འབད་དགོ།
འཇོན་ཐང་ཅན་གྱི་གདོང་ལེན་དང་ ཕྱིར་གཏུགས་རིམ་ལུགས་ཚུ་གཞི་བཙུགས་འབད་དགོ། སབ་གྲྭའི་ ལས་བྱེདཔ་ཚུ་གི་ ཤེས་བྱ་དང་ ལྕོགས་གྲུབ་ དེ་ལས་ ཉམས་མང་ཚུ་གོང་འཕེལ་གཏང་ནིའི་དོན་ལུ་ མཐུན་རྐྱེན་ཚུ་མཁོ་སྤད་འབད་དགོ།
སབ་གྲྭ་ནང་དང་ སབ་གྲྭའི་མཐའ་འཁོར་ རྩུབ་སྤད་ཀྱི་གནད་དོན་ཚུ་མེདཔ་བཟོ་དགོ་པ་ཅིན་ མི་སྡེའི་ མཐུས་མི་ཚུ་གིས་ ཨ་ལོའི་རྩུབ་སྤད་ལུ་བརྟེན་པའི་གནོད་པ་ཚུ་ངོ ས་འཛིན་འབད་དགོཔ་མ་ཚད་ རྩུབ་ སྤད་སྔོ་འགོག་འབད་ཚུགས་ཟེར་བའི་ཡིད་ཆེས་བསྐྱེད་དགོ་པའི་ཁར་ སབ་གྲྭ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ རང་སོའི་ཁ་ཐུག་ལས་ལཱ་ཚུ་འབད་ཆོག་ཆོག་སྦེ་སད་དགོ། ང་བཅས་ཀྱི་ཁ་ཐུག་ ལས་ མང་སྡེ་དང་ སབ་གྲྭའི་འགོ་ཁྲིདཔ་ཚུ་ལུ་ ཨ་ལོའི་ཐོབ་དབང་དང་ཕོ་མོ་དབྱེ་བའི་ཤེས་ཚོར་ཡར་ རྒྱས་གཏང་ནི་ནང་ འཇིགས་སྣང་དང་ལན་ལོག་མེད་པའི་གསལ་སན་དལ་དབང་གི་གོང་འཕེལ་གཏང་དགོ་ སྦེ་སབ་ཨིན། དེ་བཟུམ་སྦེ་ མི་སྡེའི་འཐུས་མི་དང་ ཕམ་ དེ་ལས་ སབ་ཕྲུག་ཚུ་གིས་ སབ་གྲྭ་ནང་དང་ སབ་གྲྭའི་མཐའ་འཁོར་ལུ་ འབྱུང་པའི་རྩུབ་སྤད་ཀྱི་སྐོར་ལས་བཤད་དེ་ ཐབས་ལམ་ཚུ་སན་དགོ། དམིགས་གཏད་བསྐྱེད་དེ་ཡོད་པའི་ མ་དངུལ་གྱིས་ སབ་གྲྭ་ནང་དང་ སབ་གྲྭའི་མཐར་འཁོར་འབྱུང་པའི་ རྩུབ་སྤད་ཀྱི་གནད་དོན་ཚུ་མེདཔ་བཟོ་ཚུགས་པར་ལཱ་ཁག་ཡོད། དེ་འབདཝ་ལས་ གཞུང་དང་ གྲོགས་ རམ་བྱིན་མི་སྤེལ་ཁང་དང་ སྒེར་གྱི་ལས་སྡེ་ཚུ་ལས་ མ་དངུལ་གྱི་རྒྱབ་སྐྱོར་དང་ འཕྲུལ་རིག་དང་རྒྱུ་ དངོས་དང་འབྲེལ་བའི་མཐུན་རྐྱེན་གྱི་རྒྱབ་སྐྱོར་དགོ་པའི་ཞུ་བ་འབདཝ་ཨིན།
- ཁོང་གི་བྱ་སྤད་ཀྱི་སྐོར་ལས་རང་ཚོར་གྱི་སྒོ་ལས་ཤེས་དགོ།
- རྩུབ་སྤད་ལུ་ཕན་གྲོགས་འབད་ནི་ལས་འཛེམ་དགོ།
- བ་གཏད་ཚུགས་པའི་ཆ་རོགས་དང་ ཡང་ན་ བཟའ་ཚང་འབད་སར་འགྱོ་དགོ།
- རྒྱབ་སྐྱོར་གྱི་དོན་ལུ་ རྒྱལ་ཡོངས་ཨམ་སྲུང་དང་ཨ་ལོའི་ལྷན་ཚོགས་དང་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་ དེ་ལས་ ན་གཞོན་ལམ་སན་ལ་སོགས་པའི་ ལས་སྡེ་ཚུ་ལུ་སྙན་ ཞུ་འབད།
- ཁོང་གི་འདྲ་སྡེ་ཚུ་ལུ་རྒྱབ་སྐྱོར་འབད་དགོ།
- མཛའ་མཐུན་ཅན་གྱི་སྒོ་ལས་དཀྲོགཔ་ཨིན་ན་དང་ དབང་བཙོང་འབདཝ་ཨིན་ན་གཉིས་ཀྱི་བར་ ཁྱད་པར་ཤེས་དགོ།
- ལོག་སྤད་དང་འབྲེལ་བའི་གནད་དོན་ག་ར་སྙན་ཞུ་འབད་དགོ།
ཕམ་དང་གཅེས་སྐྱོང་པ་ཚུ་གིས་་་་་་་་
- སབ་ཕྲུག་ཚུ་ཐོན་སྐྱེད་ཅན་གྱི་ལཱ་ཚུ་ནང་འབྲེལ་གཏོགས་འབད་བཅུག་དགོ།
- རྩུབ་སྤད་སྔོན་འགོག་གནད་དོན་ཐོག་ཞལ་འཛོམས་འཚོག་དགོ།
- ཆ་རོགས་ནང་འཁོད་ལུ་ཁ་གཏང་ནི་དང་སྐྱོན་བརྗོད་ཚུ་འབད་བཅུག་ནི་མི་འོང།
- འདྲ་མཉམ་ནང་འཁོད་ལྷབ་སྦང་འབད་ནིའི་སེམས་ཤུགས་བསྐྱེད་བཅུག་དགོ།
- ཨ་ལོའི་སྐོར་ལས་ཤེས་དགོ་པའི་ཁར་ ཉེན་བརྡའི་སྐོར་ལས་ཡང་ཤེས་དགོ།
- དོགས་པ་ཅན་གྱི་རྩུབ་སྤད་ཚུ་སྙན་ཞུ་འབད་དགོ།
- ཨ་ལོ་ཚུ་ཕན་ནུས་ཅན་གྱི་ཐོག་ལས་སྒྲིགས་བཙུགས་དགོ།
- ག་ཅི་ཐད་ལས་འབད་རུང་མཚམས་ཚོད་དང་གོམས་གཤིས་བཙུགས་དགོ།
- ཨ་ལོའི་སབ་གྲྭའི་གནད་དོན་ནང་འབྲེལ་གཏོགས་འབད་དགོ།
མི་སྡེའི་གནས་ཚད་ནང།
མི་སྡེའི་གནས་ཚད་ནང།
- ཨ་ལོ་དང་ན་ལོན་ཚུ་གི་དོན་ལུ་ཉེན་སྲུང་དང་ལྡན་པའི་ས་ཁོངས་མཁོ་སྤད་འབད་དགོ།
- ཨ་ལོ་ཚུ་གི་དོན་ལུ་རྩུབ་སྤད་མེད་པའི་ས་ཁོངས་བཟོ་དགོ།
- གཅེས་སྐྱོང་པ་ཚུ་ལུ་ཕན་ནུས་ཅན་གྱི་ཕ་མའི་སྐྱོང་གཞག་གལ་ཆེ་བའི་སྐོར་ལས་གོ་བ་བརྡ་སྤད་འབད་དགོ། (བསབ་བྱ། བཀོད་བྱ། སྒྲིགས་ཁྲིམས)།
- ཨ་ལོ་དང་ གཅེས་སྐྱོང་པ་ དེ་ལས་ མི་མང་ལུ་ ད་ལྟོ་ཡོད་པའི་ རྒྱབ་སྐྱོར་གྱི་ཞབས་ཏོག་དང་ གྲོགས་རམ་རྒྱུན་ ལམ་ཚུ་གི་སྐོར་ལས་ གོ་བརྡ་སྤད་དགོ།
- མི་སྡེ་ནང་དབང་ཚད་ཅན་གྱི་འཐུས་མི་ཅིག་ཨིནམ་ལས།
- ག་ར་གིས་དཔྱེ་བལྟ་སའི་ཡུལ་ཅིག་སྦེ་སད་དེ་ རྩུབ་སྤད་དང་འབྲེལ་གནད་དོན་ཚུ་སྙན་ཞུ་འབད་དགོ།
- ལོག་སྤད་དང་འབྲེལ་བའི་གནད་དོན་ཚུ་ སྙན་ཞུ་འབད་དགོཔ་དང་ རྩུབ་སྤད་རྩ་མེད་གཏང་དགོཔ་ཁ་ཆེ་བའི་སྐོར་ལས་ གོ་ བ་བརྡ་དོན་འབད་དེ་མི་ཚུ་ལུ་སེམས་ཤུགས་བསྐྱེད་བཅུག་དགོ།
- ཨ་ལོ་དང་ གཅེས་སྐྱོང་པ་ དེ་ལས་ མི་མང་ལུ་ ད་ལྟོ་ཡོད་པའི་ རྒྱབ་སྐྱོར་གྱི་ཞབས་ཏོག་དང་ གྲོགས་རམ་རྒྱུན་ལམ་ཚུ་ གི་སྐོར་ལས་ གོ་བརྡ་སྤད་དགོ།
- ཆོས་ལུགས་/ལམ་སལ་གྱི་རྒྱབ་ཁུངས་ ཕོ་མོའི་དབྱེ་བ་ དེ་ལས་ མི་རིགས་ལ་སོགས་པའི་ཁྱད་པར་ཡོད་རུང་ མི་སྡེའི་ འཐུས་མི་ཚུ་ཕན་ཚུན་གུས་ཞབས་ཀྱི་ཐོག་མཐུན་ཏོག་ཏོ་སྦེ་སད་ཚུགས་ནི་ལུ་གྲོགས་རམ་འབད་དགོ།
སྤྱི་སྡེའི་གནས་ཚད་ནང།
ཁྲིམས་ལུགས་ སྲིད་བྱུས་ དེ་ལས་ སྤྱི་སྡེ་དང་ལམ་སལ་གྱི་གོམས་གཤིས།
གྲོས་ཐག་གཅད་མི་ཅིག་ཨིནམ་ལས།
- གནོད་པ་ཡོད་པའི་སྒྲིག་ཁྲིམས་དང་བཀོད་བྱ་ལུ་བཟོད་བསན་མེདཔ་འབད་དགོ།
- སབ་གྲྭ་དང་སྤ་གསེང་གི་ས་ཁོངས་ཚུ་ནང་རྩུབ་སྤད་མེད་པའི་སྲིད་བྱུས་དམ་དམ་གཞི་བཙུགས་འབད་དགོ།
- གཅེས་སྐྱོང་པ་ཚུ་གིས་ ཨ་ལོའི་སེམས་ཁམས་འཕད་བསྟེན་དང་བདེ་སྐྱིད་ཀྱི་དོན་ལུ་ དུས་རྒྱུན་ལྟ་རག་འབད་དགོ།
- སབ་གྲྭ་ནང་སབ་དཔོན་དང་ གཅེས་སྐྱོང་པ་ལེགས་ཤོམ་ཡོད་མི་ཚུ་བཙུགས་དགོ།
- ཨ་ལོའི་བདེ་སྐྱིད་འདི་གཙོ་རིམ་ཅན་ཅིག་ཨིནམ་སྦེ་བཞག་ཚུགས་པའི་ཁྲིམས་དང་སྲིད་བྱུས་ཀྱི་དོན་ཚན་བརྩམ་དགོ།
- ཨ་ལོ་དང་ གཅེས་སྐྱོང་པ་ཚུ་ གྲོས་ཆོད་བཟོ་ནི་དང་ སྲིད་བྱུས་གོང་འཕེལ་གྱི་ལས་སྣ་ནང་བཅའ་མར་གཏོགས་བཅུག་ནིའི་ སེམས་ཤུགས་བསྐྱེད་བཅུག་དགོ།
- གྲོས་ཆོད་ག་རའི་ནང་ཨ་ལོའི་བདེ་སྐྱིད་དེ་གཙོ་རིམ་བཟུང་དགོ།
- ཁྲིམས་ལུགས་དང་ སྲིད་བྱུས་ དེ་ལས་ ལས་རིམ་ཚུ་གཞི་བཙུགས་འབད་དགོ།